97

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་དམ་པ་བདེ་གཤེགས་ (1)
Part of speech མིང་ཚིག
Definition འབྲི་རྫ་སྒང་ཀྲེ་ཤོད་དུ་ཡབ་གཙང་པ་དཔལ་གྲགས། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་སྲས་སུ་རབ་བྱུང་གཉིས་པ་ཆུ་ཕོ་སྟག་ཕྱི་ལོ་ ༡༡༢༢ ལ་སྐུ་བལྟམས། ཡབ་ཀྱིས་དགེ་བ་འཕེལ་མཚན་གསོལ། དགུང་ལོ་དྲུག་ནས་དགུའི་བར་ཡི་གེ་འབྲི་ཀློག་དང༌།བཟོ་གསོ་དང་། སུམ་རྟགས་དང་སྨྲ་སྒོ སྨན་རྩིས་སོགས་ལ་སྦྱངས། འཕགས་པ་བརྒྱད་སྟོང་པ་ཐུགས་ལ་བཟུང་ནས་ཞལ་འདོན་གནང༌། བླ་མ་དཔལ་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་དགུ་རྗེ་ཕག་མོ་གྲུ་པའི་མདུན་ནས་གསན་སྦྱང་མཛད། བཅུ་དྲུག་པར་ཀཾ་པོར་དགེ་བཤེས་བྱམས་པ་རྣམ་དག་དང་མཇལ་གདམས་པ་གསན། བཅུ་དགུ་པརདབུས་གཙང་རྣམས་སུ་བྱོན། དགེ་བཤེས་རྡོ་ཐོག་ཐེལ་པ་རྒྱལ་མཚན་དང༌། དགེ་བཤེས་རྒྱ་དམར་བ་སོགས་བསྟེན། ཉེར་གཅིག་པ་དཔལ་རྭ་སྒྲེང་དུ་སེངྒེ་བཟང་པོ་ལས་མདོ་རྒྱུད་ཀྱི་བཤད་པ་གསན། ས་སྐྱ་པ་བསོད་ནམས་རྩེ་མོ་དང༌། ཀུན་དགའ་ལེགས་པ་སོགས་དབང་ཁྲིད། རྭ་ལོ་ཙཱའི་སློབ་མ་ཀཾ་ལོ་ཙཱ་ལས་བདེ་མཆོག་དང༌། ཅོག་རོ་ལོ་ཙཱ་ལས་ཕག་མོ། བཱ་རི་ལོ་ཙཱ་ལས་འཕྲུལ་ཡིག་བཅས་དང༌། ཉེར་གཉིས་པ་སློབ་དཔོན་རཏྣ་སེངྒེ་ལས་བདེ་མཆོག་དང༌། གདན་བཞིའི་དབང་དང་བཤད་པ་ཞུས། ཉེར་བཞི་པ་འཕེན་འཕན་ཡུལ་རྒྱབ་ཏུ་བྱང་ཆུབ་སེངྒེའི་དྲུང་དུ་རབ་ཏུ་བྱུང༌། དེའི་མདུན་ནས་གསང་སྔགས་རྙིང་མའི་ཕྱོགས་ཀྱི་ཆོས་མང་པོ་གསན། ཉེར་ལྔ་པ་གངས་ལ་ཕྱིར་རས་ཆུང་པ་དང་མཇལ། བདེ་མཆོག་སྔོན་མོ་དང་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསན། རས་པ་ཞི་བ་འོད་ལས་གཏུམ་མོའི་ཆོས་སྐོར་གསན། སྣར་ཐང་གི་ཆོས་གྲྭར་ཀླུ་མེས་ཀྱི་བརྒྱུད་པ་ལས་བྱུང་བ་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་པར་རྫོགས། མཁན་པོ་དེ་ལས་སྔ་འགྱུར་གྱི་བཀའ་གཏེར་མང་པོ་གསན། འཛམ་སྟོན་ཆེན་པོའི་མདུན། སྒྱུ་འཕྲུལ་དང༌། རྩ་བའི་མདོ་བཞིའི་རྒྱུད་བཤད་དང་དབང༌། སེམས་ལུང་མན་ངག་བཅས་ཀྱི་ཟབ་གནད་མཐའ་དག་རྫོགས་པར་གསན། དགུང་ལོ་ཉེར་དགུའི་དུས་འཛམ་སྟོན་པས་ཁྱེད་ཀཾ་པོར་སྒྲུབ་པ་མཛད་ན་ཕུང་པོ་འོད་ལུས་སུ་གྲུབ། ཀཿཐོག་ཏུ་སོང་ན་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་ལུང་བསྟན་གནང༌། མ་ཅིག་གི་སྲས་ཐོད་སྨྱོན་དང༌། གྲུབ་ཐོབ་སྨྱོནཔ་དོན་ལྡན་སོགས་ལས་ཞི་གཅོད་ཀྱི་གདམས་ངག་གསན། དྭགས་པོ་ལྷ་རྗེ་ལས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་དབང་ཁྲིད་མང་དུ་གསན། རབ་བྱུང་གསུམ་པའི་ས་ཡོས་ཕྱི་ལོ ༡༡༥༩ ལ་སྔ་འགྱུར་རྙིང་མའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་ཀཿཐོག་དགོན་པ་ཕྱག་བཏབ། བཤད་སྒྲུབ་ཀྱི་གྲྭ་བཙུགས། དགེ་སློང་སྟོང་ཕྲག་ཉེ་བ་བསྒྲུབས། ཉིན་རེར་ཆོས་ཐུན་བཅུ་གསུམ་རེས་གསུངས། དགེ་འདུན་པ་ཁྲི་བརྒྱད་ཉེ་བ་ཚོགས་པ་ལས། ཚུལ་འཆལ་གྱི་སྤྱོད་པ་དག་གཎྜིའི་སྒྲ་དང་བཅས་གནས་དབྱུང་མཛད། ཞལ་སློབ་གཙང་སྟོན། མཁན་པོ་གྲགས་ཡེ་གཉིས། འོད་ཕུང་དུ་དེངས་པ་ལྔ། ཐོས་པས་ཆོག་གསུམ། མཆོག་དང་ཉེ་བ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་སོགས་བྱོན དགུང་ལོ་དོན་གཅིག་ཤིང་ཕོ་བྱི་བའི་ ༡༢༠༤ ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གཤེགས། གསུང་རྩོམ་པོད་བཅུ་དགུ་ལྷག་ཡོད་པར་བཤད་ཀྱང་ད་སྐབས་ཐེག་པའི་སྤྱི་ཆིངས་སོགས་ཉུང་ཤས་ཤིག་ལས་མི་བཞུགས།
Synonyms དགེ་བ་འཕེལ། ཤེས་རབ་སེང་གེ སྤོབས་པ་མཐའ་ཡས།

{{#arraymap:ཀ་དམ་པ་བདེ་གཤེགས་

|; |@@@ | | }}