9714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཀྱི་ཕུང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཚན་ཉིད་ནི་གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་རུང་བ་དུ་མ་སྤུངས་པའོ། །གཟུགས་སུ་ཡོད་པ་གཉིས་ནི་རེག་པས་གཟུགས་སུ་རུང་བ་དང་། ཡུལ་དཔྱད་པས་གཟུགས་སུ་རུང་བ་ཡིན་ལ། དང་པོ་ནི། ལག་པ་ལ་སོགས་པའི་རེག་པས་རེག་ན་གནོད་པ་བྱར་རུང་བ་སྟེ། སྒྲ་ལྟ་བུ་ལ་ཡང་དེའི་རྒྱུ་རྔ་ལྟ་བུ་ལ་རེག་པས་གནོད་པ་བྱར་རུང་བ་དང་། དབང་པོ་གཟུགས་ཅན་པ་རྣམས་ལ་ཡང་དབང་རྟེན་ལ་རེག་པས་གནོད་པ་བྱར་རུང་བའོ། །གཉིས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་རྟོག་བཅས་ལ་གཟུགས་འདི་དང་འདིའོ། །འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་བཀྲ་བར་སྣང་དུ་རུང་བ་སྟེ། ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་གཏོགས་པའི་ཀུན་བཏགས་དང་དབང་འབྱོར་བའི་གཟུགས་རྣམ་པ་གཉིས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །གཟུགས་ཕུང་ལ་དབྱེ་ན། མིག་སོགས་དབང་པོ་ལྔ། གཟུགས་སོགས་དོན་ལྔ། རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད་ལས་སོ། །མཛོད་འགྲེལ་མངོན་པའི་རྒྱན་ལས་ནི། གཟུགས་ཀྱི་ཕུང་པོར་མཚོན་པའི་མཚན་ཉིད་ནི་གཟུགས་སུ་རུང་བ་ཉིད་དོ། །དེའི་དོན་གཟུགས་ཅན་ཕྲད་པ་ལས་རྣམ་པར་འགྱུར་བ་མི་འདྲ་བ་སྐྱེ་བའི་གནོད་པ་བྱར་རུང་བའོ། །གཟུགས་ཀྱི་ཕུང་པོའི་མཚན་གཞི་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང་གཟུགས་ལ་སོགས་པའི་དོན་ལྔ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིག་པོ་ཉིད་དོ། །འོ་ན་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། ཆ་མེད་ཅིང་གནོད་པར་བྱར་མི་རུང་བའི་ཕྱིར་རོ་ཞེ་ན། དེ་དག་གཅིག་པུ་བ་ལ་དེ་མེད་ཀྱང་མང་དུ་ཚོགས་ན་ཡོད་པའི་ཕྱིར་རོ། །འོ་ན་རིག་བྱེད་མ་ཡིན་པ་གཟུགས་སུ་མི་འགྱུར་རོ་ཞེ་ན། དེ་ལའང་རྒྱུ་རིག་བྱེད་གཟུགས་སུ་ཡོད་པའི་ཕྱིར་རམ། དེའི་རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་རུང་ངོ་ཞེས་ལན་འདེབས་མོད་ཀྱི་བྱེ་བྲག་ཏུ་སྨྲ་བས་གཟུགས་སུ་བརྟགས་པ་ཡིན་གྱི་མཚན་ཉིད་པ་མ་ཡིན་པ་ཉིད་དུ་འཆད་པར་འགྱུར་རོ་ཞེས་སོ། །
Domain ཆོས་ལུགས།
Synonyms གཟུགས། གཟུགས་ཅན། གཟུགས་ཕུང།

{{#arraymap:གཟུགས་ཀྱི་ཕུང་པོ་

|; |@@@ | | }}