97511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙན་ལུང་དགོན་ (1)
Part of speech མིང་ཚིག
Definition སྙན་ལུང་དགོན་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ལ་བུ་ཆུང་བླ་མ་གསང་སྔགས་ཀྱིས་བཏབ། གཞི་ཆེན་སྐྱབས་མགོན་རིག་འཛིན་འཇམ་དཔལ་རྡོ་རྗེས་རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་གཉིས་ཀྱི་ཟབ་གཏེར་གྱི་གཙོས་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་སྲོལ་གྱི་རྒྱུན་སྤེལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས། གཞན་ཡང་བུ་ཆུང་བླ་མ་སངས་རྒྱས་རྒྱ་མཚོ་དང་ཨ་སྐྱབས་མཁན་པོ་འཇིགས་མེད་སོགས་ཀྱིས་བཤད་པ་དང་སྒྲུབ་པའི་སྒོ་ནས་རྒྱལ་བ་ཀཿཐོག་པའི་རང་ལུགས་དྲི་མ་མེད་པའི་བཤད་སྒྲུབ་ཀྱི་རྒྱུན་བསྐྱངས་བས་སྲོལ་བཟང་ད་ལྟའི་བར་གནས་སོ། དུས་མཆོད་ཀྱི་རིན་པ་ནི་ལོ་གཅིག་ལ། སྨྱུང་གནས་ཞག་བརྒྱད། རྡོར་སེམས་ཟླ་སྒྲུབ། སྒྲོལ་མའི་དུས་མཆོད། དབྱར་གནས་ཟླ་བ་གཅིག་དང་ཕྱེད། བདེ་ཆེན་ཞིང་སྒྲུབ་ཉིན་བཅོ་ལྔ། དགུན་ཆོས་ཞག་བརྒྱ། བདུད་འདུལ་གྱི་ཕུར་པ་དགུ་སྒྲུབ། དད་ལྡན་སེར་སྐྱ་ཐུན་མོང་ལ་མ་ཎི་ཞག་བརྒྱ་བཅས་ཡུན་རིང་གི་བར་རྒྱུན་འཇགས་སུ་གྱུར། ཆོས་སྡེ་འདིའི་སྒྲིག་སྲོལ་གྱི་གཙོ་བོ་ནི་སྔོན་བྱོན་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་དང་མཐུན་པར་རབ་ཏུ་བྱུང་བ་རྣམས་ཀྱིས་དམ་ཆོས་འདུལ་བ་དང་མཐུན་པར་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་སྟེ་སྤོང་བླང་གི་བྱ་བ་ལ་གཞོལ་བ་དང་། དགོན་གནས་འདིར། ལྷ་ཁང་ཆེ་ཆུང་གཉིས། འདུ་ཁང་གཅིག གྲྭ་ཁང་སུམ་ཅུ་ཙམ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་དེའི་དགོངས་འགྲེལ་གྱི་བསྟན་འགྱུར། རྙིང་མ་རྒྱུད་འབུམ་དང་མཛོད་བདུན་ཡ་བཞི་སྒྲུབ་ཡིག་སྣ་མང་བཅས་པོད་ལྔ་བརྒྱ་ལྷག་དང་། རྟེན་གཙོ་ཐུབ་པ་གཙོ་འཁོར་དང་། མཁན་སློབ་ཆོས་གསུམ། མཆོད་རྟེན་དང་དུང་འཁོར་སོགས་རྟེན་སྣ་མང་དུ་མཆིས། གཞན་ཡང་རིག་གསར་རྗེས་ནས་ཏ་རེ་ལྷ་མོ། མཁྱེན་སྤྲུལ་རིག་འཛིན་ཉི་མ་བཅས་ཀྱིས་གཙོ་འགན་བཞེས་པའི་བདག་རྐྱེན་དང་། བུ་ཆུང་རུ་གསར་མའི་དད་ལྡན་མང་ཚོགས་ཀྱིས་མཐུན་རྐྱེན་དང་ཞབས་ཏོག་མི་དམན་པ་ལ་བརྟེན་ནས་འདུ་ཁང་ཆེན་མོ་གཅིག་དང་། ལྷ་ཁང་ཆུང་བ་གཅིག རྟེན་གཙོ་ཟངས་གསེར་གྱི་ཨོ་རྒྱན་སྐུ་བརྙན་སྤྱི་ཁྲི་གཅིག་ལྷག་ཙམ་གྱི་བརྟེན་དང་བརྟེན་པ་སྐྱར་བཞེངས་བྱས།

{{#arraymap:སྙན་ལུང་དགོན་

|; |@@@ | | }}