97621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིང་པོ་དོན་གསུམ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྙིང་པོ་དོན་གསུམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བདུན་པ་ཡིན། བརྗོད་བྱ། ཚེ་འདིར་སྒོམ་པ་རྒྱུན་གྱི་རྣལ་འབྱོར། འཆི་ཁར་སྒོམ་པ་འཕོ་བའི་རྣལ་འབྱོར། བར་དོར་སྒོམ་པ་བསྲེ་འཕོའི་རྣལ་འབྱོར་ཏེ། སྙིང་པོ་དོན་གསུམ་གྱི་ཉམས་ལེན་རྣམས་གོང་མའི་མན་ངག་བཞིན་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། སྤྱན་གཟིགས་བློ་གྲོས་རིན་ཆེན་ཏེ་ལོ་པ། །རྙོགས་མེད་དཔལ་བ་མི་ཏྲ་ཛོ་ཀིའི་ཞབས། །ཁྲོ་ཕུ་ལོ་ཙཱ་བསོད་དབང་སེམས་དཔའ་ཆེ། །རིན་ཆེན་སེང་གེ་བུ་སྟོན་ཐུགས་སྲས་བ། །འཇམ་དབྱངས་གྲགས་རྒྱལ་འཁྲུལ་ཞིག་ཚུལ་རྒྱལ་མཚན། །མཁྱེན་རབ་ཆོས་རྗེ་ཀུན་དགའ་མཆོག་གྲུབ་པ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཟབ་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། སྙིང་པོ་དོན་གསུམ་གྱི་ཁྲིད་འདི་ཁྲོ་ཕུ་ལོ་ཙཱ་བའི་ཡི་གེ་ལས་བཏུས་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྙིང་པོ་དོན་གསུམ་གྱི་ཁྲིད་

|; |@@@ | | }}