97980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཚང་ལྔ་བ་འཆི་མེད་པདྨ་འགྲོ་འདུལ་ (1)
Part of speech མིང་ཚིག
Definition སྟག་ཚང་སྐུ་ཕྲེང་ལྔ་པ་འཆི་མེད་པདྨ་འགྲོ་འདུལ་གླིང་པའམ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱལ་མཚན་མཆོག་ནི། བོད་དབུས་ལྷ་ས་གཡུ་ཐོག་གཟིམ་ཤག་ཏུ། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ ༡༨༧༥ ལོར་འཁྲུངས། ལ་དྭགས་སུ་སྤྱན་དྲངས་ནས་གདན་ཁྲིར་མངའ་གསོལ། ཡོངས་འཛིན་ཤེས་བྱ་ཀུན་གཟིགས་དང༌། ཁམས་སྤྲུལ་བསྟན་པའི་ཉི་མ་སོགས་བླ་མར་བསྟེན་ནས་འབྲུག་ལུགས་ཀྱི་གདམས་ཟབ་རྣམས་གསན། ཧེ་མི་རྒོད་ཚང་དུ་ལོ་བཅུ་གཉིས་སུ་བཅད་རྒྱར་བཞུགས། དེ་ནས་ཁ་ཆེའི་ཡུལ་དུ་བྱོན། ལུང་པ་ཞིག་གི་མདར་ལཉྫའི་ཡི་གེར་ནཱ་རང་བྱོན་ཡོད་པ་ཞིག་ཕྱག་ཏུ་བྱུང་བས། གནས་དེ་ནཱ་རོ་པའི་བཞུགས་གནས་འཁྲུལ་མེད་ཡིན་པར་གོ་ནས། སྒྲུབ་ཕུག་དེར་བཞུགས་སྐབས། ཇམྨུ་རཱ་ཛ་ཧ་རི་སིང་གིས་དགོན་གནས་འདེབས་པའི་ས་གཞི་ཕུལ་ཅིང༌། བསྙེན་བཀུར་ཚད་མེད་ཞུས། དེར་ཚོགས་པ་གསར་འཛུགས་སོགས་ལ་དྭགས་ཀྱི་ཆོས་དང་རིག་གཞུང་ལ་ཕྱག་ལས་གལ་ཆེན་གནང༌། གར་ཞ་འཕགས་པ་མཇལ་དུ་ཕེབས་སྐབས། མ་ཎིའི་རང་སྒྲ་ཀུན་གྱིས་ཐོས་པའི་ངོ་མཚར་བྱུང༌། འཕགས་པའི་གསོལ་འདེབས་ཤིག་ཀྱང་མཛད། ཟངས་དཀར་དུ་བྱོན་ཏེ། ས་ནིའི་ཁ་ཐད་རི་སྐེད་དུ་གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་གནས་སུ་སྐུ་མཚམས་ལ་བཞུགས། དེར་སྒྲུབ་སྡེ་ཞིག་འཛུགས་བཞེད་ལ་རྟེན་འབྲེལ་མ་འགྲིགས། བོད་དང་བལ་ཡུལ་དུའང་ཕེབས་ནས་གནས་མཇལ་མཛད། སྐུ་ཚེའི་སྨད་ཕལ་ཆེར་ལ་དྭགས་ཧེ་མིར་བཞུགས་ནས། འདུ་ཁང་དང་གཟིམས་ཆུང་བཞེངས་པ་དང༌། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དབུ་ཐོད་བཞུགས་པའི་གདུང་རྟེན་དངུལ་ལས་བསྐྲུན་པ་སོགས་རྟེན་བཞེངས་དུ་མ་མཛད། སློབ་ཚོགས་ཀྱང་མང་པོ་བསྐྱངས། ཁྱད་པར་ལ་དྭགས་ཀྱི་གཞོན་སྐྱེས་རྣམས་རྒྱལ་ཕྱི་ནང་དུ་རིག་གནས་ཡོན་ཏན་སློབ་སྦྱོང་ལ་གཏོང་བར་ནན་སྐུལ་མཛད་པས་གྲུབ་འབྲས་ལེགས་པར་ཐོན། དེ་ལྟར་འགྲོ་དོན་ལེགས་པར་གྲུབ་ནས། རེ་དྲུག་པ་ལྕགས་འབྲུག་ ༡༩༤༠ ལོར་གཤེགས་སོ། །རྗེ་འདིས་སྒྲ་སྙན་ངག་སོགས་མཁས་པར་མཁྱེན་ཅིང༌། གསུང་རྩོམ་ཐོར་བུ་མང་ཙམ་བཞུགས། སློབ་མ་ནི། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། སྟག་སྣ་སྤྲུལ་སྐུ་ངག་དབང་དོན་ཡོད་རྡོ་རྗེ། ཟངས་དཀར་བ་དགེ་བསོད་ནམས་རྡོ་རྗེ་དང་སྒྲུབ་པ་ཆུང་བ༑ མར་ཁ་བ་སྒྲུབ་པ་ཆོས་བསམ། དབྱི་གུ་བ་ཨོ་རྒྱན་དང་ཀྱེ་རེ་བརྒྱ་གྲས། ཨིམ་ཨོ་རྒྱན་སོགས་མང་ངོ༌། །(སྐུ་ཕྲེང་དྲུག་པ་ངག་དབང་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནི་ད་ལྟ་སྐུ་འཚོ་བཞེས་སུ་བཞུགས་ཡོད། )

{{#arraymap:སྟག་ཚང་ལྔ་བ་འཆི་མེད་པདྨ་འགྲོ་འདུལ་

|; |@@@ | | }}