98004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལ་མེ་འབར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་གྱི་ལྷ་ཞིག་ཡིན། སྐུའི་རྣམ་པ་ནི། ཁྲོ་བོ་སྟེ་དབུ་སྐྲ་དམར་འབར་སྲིད་པའི་རྩེ་མོར་འཁྱིལ་ཞིང་སྤྱན་གསུམ་སྡང་མིག་རབ་ཏུ་བགྲད་པ་ཕྱག་མཚན་དུ་གཡས་པས་གསེར་གྱི་འཁོར་ལོ་དང་གཡོན་པས་རལ་གྲི་དགུ་འཛིང་བསྣམས་པ་སྤྱི་གཙུག་དུ་ཐུགས་ཞི་བའི་ངང་ལས་མི་གཡོ་བའི་བརྡའ་རུ་སྟོན་པའི་སྐུ་ཞི་བའི་ཆ་བྱད་དུ་བཞུགས་པ་ཅན་ཞིག་གོ ། ལྷ་འདིའི་སྒྲུབ་ཐབས་ལ་ཡང་སྤུ་གྲི་དཀར་དམར་ནག་གསུམ་གྱི་གཞུང་སོགས་ཡོད་དོ། །ཡི་དམ་གྱི་ལྷ་འདིའི་མཚན་གྱི་བྱུང་ཚུལ་ནི། འདྲེ་སྲིན་བྱུར་གསུམ་གྱི་མགོ་བོ་མཐོ་ཞིང་ཁས་དྲག་པས་མི་སྨྲ་གཤེན་གསུམ་གྱི་དབུ་འཕང་དམའ་ཞིང་བསྟན་པ་ཉག་ཕྲ་བ་ལ་ལྷ་མོ་གསང་བ་བསེན་ཐུབ་མ་དང་སྟོན་པ་ཡེ་གཤེན་གཙུག་ཕུད། གཤེན་ཁྲི་བཞི་ནམ་ཏིང་གསུམ་གྱི་ཐུགས་བསྙུངས་པས་བཀའ་བགྲོས་ཏེ། ལོག་སྡེའི་ཆོ་འཕྲུལ་བཟློག་པའི་ཕྱིར་དུ་སྟོན་པ་ལ་མཆོད་པ་སྣ་ཚོགས་ཕུལ་ཅིང་རྒྱུད་བསྐུལ་བས། སྟོན་པའི་ཐུགས་ཀྱི་སྤྲུལ་པ་ཞིག ཡུལ་སྲིད་ཡུལ་ལྷ་མདངས་གནས་གུང་གནམ་བདེ་སྡོད་དུ་མཁར་བང་བ་སྟག་རྩེའི་ནང་ན། ཡབ་ལྷའི་རྒྱལ་པོ་ལིག་ཞི་སད་ཝེར་དང་། ཡུམ་སྟག་ཟ་ཧེ་ཏིང་བྱ་བ་དག་གི་སྲས་སུ། མིའི་ལུས་ལ་སྟག་གི་དཔའ་བྱད་ཅན། ཐུགས་ལ་རིན་པོ་ཆེའི་འོད་འཕྲོ་ཞིང་། ལུས་ལ་ཡང་མེ་འོད་དམར་པོ་འབར་བ་ཞིག་འཁྲུངས་པ་ལ་ཡབ་ཡུམ་གཉིས་ཀྱང་ཤིན་ཏུ་ཐེ་ཚོམ་ནས། གཡུ་ལུང་ཤེལ་བྲག་ཏུ་ཡུམ་བཟང་ཟ་རིང་བཙུན་དང་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་དྲུང་དུ་ཕྱིན་ནས། སྲས་འདིའི་མཚན་ལྟས་བཟང་ངན་གྱི་ལྟས་ཅི་ཡིན་ཞུས་པས་འཆི་མེད་ཡུམ་སྲས་ཀྱིས་མཁའ་ཀློང་རིག་པའི་ཀློང་ནས་ཐུགས་རྗེས་སྤྲུལ་པའི་སྲས་བབས་པ་ཡིན་ལ། གསང་བ་སྔགས་ཀྱི་བསྟན་པའི་མདོར་འཛིན་ཅིང་བསྙེན་སྒྲུབ་ལས་གསུམ་གྱི་དོན་སྟོན་པ་ཞིག་འབྱུང་བས། གཤེན་གསང་བ་འདུས་པའི་དྲུང་དུ་དབང་བསྐུར་དང་མཚན་གསོལ་དགོས་པ་ལུང་བསྟན་པ་བཞིན། གསང་བ་འདུས་པས་ཁྲུས་གསོལ་དབང་བསྐུར་མཛད་ཅིང་མཚན་ལ་དབལ་ཆེན་སྟག་ལ་མེ་འབར་ཞེས་གསོལ། དེ་ནས་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྤྱན་སྔར་གསང་བ་སྔགས་ཀྱི་བོན་ལུང་མནོས་ཤིང་དྲག་པོ་ཛྭ་དབལ་གྱི་མཐུ་བྱིན་ནས་བདུད་དང་སྲིན་པོའི་གཉེན་པོར་བསྐོས་སོ། །
Domain ཆོས་ལུགས།

{{#arraymap:སྟག་ལ་མེ་འབར་

|; |@@@ | | }}