98012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་པའི་ཆོས་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྟག་ལུང་པའི་ཆོས་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་བདུན་པ་ཡིན། བརྗོད་བྱ་ནི། དཔལ་སྟག་ལུང་ཐང་པ་ཆེན་པོའི་ལུགས་ཀྱི་གཏུམ་མོ། སྒྱུ་ལུས། རྨི་ལས། འོད་གསལ་སོགས་ཆོས་དྲུག་གི་རྣལ་འབྱོར་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་ཕག་གྲུ་པ། །ཐང་པ་བཀྲ་ཤིས་དཔལ་དང་སྐུ་ཡལ་པ། །སངས་རྒྱས་ཡར་བྱོན་བཀྲ་ཤིས་བླ་མ་དང་། །སངས་རྒྱས་དཔལ་བ་རཏྣཱ་ཀ་ར་དང་། །རཏྣ་གུ་རུ་ཀུན་སྤངས་བཀྲ་ཤིས་བརྩེགས། །བྱང་ཆུབ་རྒྱ་མཚོ་ངག་དབང་གྲགས་པའི་དཔལ། །རྣམ་རྒྱལ་གྲགས་པ་སྟག་ལུང་སྤྲུལ་བའི་སྐུ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཟབ་ཁྲིད་ནས་འབྱུང་བ་ལྟར་ཡིན་ལ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དཔལ་སྟག་ལུང་ཐང་པ་ཆེན་པོའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་བ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:སྟག་ལུང་པའི་ཆོས་དྲུག་གི་ཁྲིད་

|; |@@@ | | }}