98013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་པའི་ཉེ་བའི་སྲས་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་སློབ་མ་ཉེ་བའི་སྲས་བཅོ་བརྒྱད་དུ་གྲགས་པ་སྟེ། ༡. རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མ་ཡོ་སྒོམ་ནག ༢. རུ་ཐོག་ཏུ་ཀོང་པོ་སྒོམ་ནག་གིས་གྲྭ་པ་བརྒྱ་ཙམ་སྐྱོང། ༣. སིང་གྷ་ལའི་གླིང་ན་བླ་མ་ལྷུག་གིས་གྲྭ་པ་སུམ་བརྒྱ་སྐྱོང། ༤. གནས་ཆེན་ཛ་ལན་དྷ་རར་སྒོམ་པ་མ་ཎི་བས་གྲྭ་པ་བདུན་ཅུ་རེ་སྐྱོང། ༥. ནུབ་ཕྱོགས་ཨུ་རྒྱན་དུ་གྲགས་པ་རྒྱལ་མཚན་སྦས་པའི་རྣལ་འབྱོར་དུ་བཞུགས། ༦. ཨ་སུ་རའི་བྲག་ཕུག་ཏུ་བླ་མ་མང་དཀར་བའམ་ག་ཞར་གྲགས་པ། ༧. བལ་ཡུལ་དུ་རུ་པོ་གྲུབ་ཐོབ། ༨. སྐྱིད་རོང་དུ་ལྡན་མ་ལྷ་ཆེན་པོ། ༩. རིའུ་སྒང་ན་གྲུབ་ཐོབ་རིའུ་སྒང་པ། ༡༠. བྲག་དཀར་རྟ་སོར་རྟོགས་ལྡན་རྣ་རལ་བས་གྲྭ་པ་བདུན་ཅུ་སྐྱོང། ༡༡. ལ་སྟོད་ཐང་ཆུང་ན་རིན་པོ་ཆེ་དབུས་པ་བྱ་བས་གྲྭ་པ་བདུན་ཅུ་རེ་སྐྱོང། ༡༢. གཙང་རོང་ན་རྟོགས་ལྡན་ཞྭ་ནག་པ། ༡༣. སྙི་མོ་ན་ཆེར་སྟོན་ཞིག་པོས་གྲྭ་པ་ཉི་ཤུ་རེ་སྐྱོང། ༡༤. སྟོད་ལུང་ན་མཆོད་གནས་དཀར་པོ། ༡༥. ཡར་ལུང་ན་མར་སྒོམ་བསོད་ནམས་དཔལ། ༡༦. འདམ་ན་འབའ་པ་རྒྱལ་ཁྲི། ༡༧. དཔལ་ཆུ་བོ་རི་ན་སངས་རྒྱས་སྒོམ་རས་ཀྱིས་གྲྭ་པ་བདུན་བརྒྱ་རེ་སྐྱོང། ༡༨. སྤྱན་སྔ་ན་དབུ་མ་པ་ཆེན་པོ་ཤེས་རབ་རྒྱན་མཚན་གྱིས་ཞགས་འབྲིང་གི་དམ་པ་མཛད་པ་སྟེ་བཅོ་བརྒྱད་དོ། །
Domain ལོ་རྒྱུས།

{{#arraymap:སྟག་ལུང་པའི་ཉེ་བའི་སྲས་བཅོ་བརྒྱད་

|; |@@@ | | }}