98015

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་པའི་བརྒྱུད་པའི་བྱུང་རབས་ (1)
Part of speech མིང་ཚིག
Definition སྤྱིར་བཀའ་བརྒྱུད་པ་ཞེས་པ་ནི་བཀའ་བབས་བཞིའི་བརྒྱུད་པ་འཛིན་པའི་རིང་ལུགས་མཐའ་དག་ལ་གོའོ། དེ་ཡང་བཀའ་བབས་དང་པོ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ས་བདག་བྷི་སུ་ཀལྤ། སྭ་ར་ཧ་ཆེན་པོ། ཀླུ་སྒྲུབ་ཞབས། རྗེ་བཙུན་ཏེ་ལོ་པ་སྟེ་གསང་བ་འདུས་པ་དང་། རྡོ་རྗེ་གདན་བཞི། ཆོས་དྲུག་གི་སྒྱུ་ལུས་དང་འཕོ་བའི་བཀའ་བབས་སོ། ། བཀའ་བབས་གཉིས་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀཱུ་རི་པ། རྩརྱ་པ། ཏེ་ལོ་ཞབས་ཏེ་སྒྱུ་མ་ཆེན་མོ་དང་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས་སོ། བཀའ་བབས་གསུམ་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཌོམྦྷི་ཧེ་རུ་ཀ།། བྷིན་པ་བཛྲ། ལྭ་བ་པ། ཏིལ་བརྡུང་ཞབས་ཏེ། བདེ་མཆོག་འཁོར་ལོ་སོགས་མ་བརྒྱུད་མཐའ་དག་དང་། ཆོས་དྲུག་གི་འོད་གསལ་བཀའ་བབས་སོ། ། བཀའ་བབས་བཞི་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཌཱ་ཀི་མ་སྐལ་པ་བཟང་མོ། མི་མཆོག་ཏེ་ལོ་ཞབས་ཏེ། དགྱེས་པ་རྡོ་རྗེ་དང་། ཆོས་དྲུག་གི་གཏུམ་མོའི་བཀའ་བབས་སོ། ། དེ་ལྟར་བཀའ་བབས་བཞིའི་གདམ་པ་མཐའ་དག་རྗེ་བཙུན་ཏེ་ལོ་པ་ལས་པཎ་ཆེན་ན་རོ་པས་གསན་ཅིང་། དེ་ལས་མར་པ་ལོ་ཙཱས་གསན། དེས་མི་ལ་རལ་པ་ལའོ། དེས་དྭགས་པོ་ལྷ་རྗེ། དེ་ནས་རིམ་བཞིན་འགྲོ་མགོན་ཕག་མོ་གྲུ་པ། སྟག་ལུང་ཐང་པ། སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག། ། ཆོས་སྐུ་སངས་རྒྱས་ཡར་བྱོན་རྣམས་དང་། དེ་ནས་སྟག་ལུང་ཡར་ཐང་གི་དོན་བརྒྱུད་ལྟར་ན། མཁས་གྲུབ་མངྒ་ལ་གུ་རུ། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་རཏྣ་གུ་རུ། སྤྲུལ་སྐུ་རཏྣ་ཀ་ར། ཀུན་སྤངས་ནམ་མཁའ་དཔལ་དབྱངས། རྗེ་བཙུན་བཀྲ་ཤིས་དཔལ་བརྩེགས། སྤྲུལ་སྐུ་བྱང་ཆུབ་རྒྱ་མཚོ། ཀུན་མཁྱེན་ངག་གི་དབང་པོ། མཁས་གྲུབ་རྣམ་རྒྱལ་གྲགས་པ། རྒྱལ་དབང་རྣམ་རྒྱལ་བཀྲ་ཤིས་རྣམས་དང་། མར་ཐང་གི་དོན་བརྒྱུད་ལྟར་ན། ཆོས་སྐུ་སངས་རྒྱས་ཡར་བྱོན་ནི། རྗེ་བཙུན་དབོན་པོ། ཐུགས་སྲས་ཀུན་དགའ་དཔལ་བ། ཆོས་སྐུ་ཨོ་རྒྱན་མགོན་པོ། མཁས་གྲུབ་རྒྱལ་བའི་མཚན་ཅན། མཉམ་མེད་རཏྣ་ཀཱ་ར། སྤྲུལ་སྐུ་གྲགས་པའི་མཚན་ཅན། རྗེ་བཙུན་མི་གཡོ་མགོན་པོ། གྲུབ་བརྙེས་མགོན་པོ་ཡེ་ཤེས། འཕགས་མཆོག་འཇིག་རྟེན་དབང་ཕྱུག།། རྒྱལ་སྲས་པདྨ་རྒྱལ་པོ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བར་དང་། དེ་ནས་རྒྱལ་དབང་རྣམ་རྒྱལ་བཀྲ་ཤིས་དང་། མཚོ་སྐྱེས་རྡོ་རྗེ་གཉིས་ཀ་ལས་བྱང་སེམས་ཀུན་དགའ་བཀྲ་ཤིས་ཀྱིས་གསན་པས། སྟག་ལུང་གི་གདན་ས་ཡས་ཕྱིན་གཉིས་ཀྱི་དོན་བརྒྱུད་ཀྱི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དེ་ལས་བདེ་གཤེགས་དག་དབང་རྣམ་རྒྱལ། མཆོག་སྤྲུལ་བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ། ཡིད་བཞིན་ཕྲིན་ལས་མཆོག་གྲུབ། གྲགས་པ་རིན་ཆེན་ཤེས་རབ། བཀྲ་ཤིས་གྲགས་པ་རྒྱལ་མཚན། རྗེ་དྲུང་རིན་ཆེན་ལེགས་གྲུབ། གྲགས་པ་ཆོས་དབྱིངས་ལྷུན་གྲུབ། ངག་དབང་བསྟན་པའི་ཉི་མ། རྗེ་བཙུན་གང་ཤར་དབང་བྱེད། ཐེག་མཆོག་འཇིགས་མེད་དཔའ་བོ། ཕྲིན་ལས་བྱམས་པའི་འབྱུང་གནས། མཆོག་སྤྲུལ་དག་དབང་དཔལ་ལྡན། ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ་བཅས་ཀྱི་བར་དང། གདན་ས་མར་ཐང་ལྟར་ན་ཕྲིན་ལས་བྱམས་པའི་བྱུང་གནས་ནས་འཕགས་མཆོག་ཀུན་དགའ་རྣམ་རྒྱལ་གྱི་བར་རོ།།

{{#arraymap:སྟག་ལུང་པའི་བརྒྱུད་པའི་བྱུང་རབས་

|; |@@@ | | }}