98122

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟར་བུ་ (1)
Part of speech མིང་ཚིག
Definition ཡུལ་སྐད་དུ་གླ་ཚེར་ཞེས་པའི་ཤིང་སྨན་ཞིག་སྟེ། འདི་ལ་རིགས་གསུམ་ཡོད། ཆེ་བ་གནམ་སྟར་རོང་ཆེན་དུ་སྐྱེ། ཉག་རོང་རྒྱ་ཡུལ་སོགས་སུ་ཤིང་ཁང་བརྩེགས་གཉིས་རེ་ཙམ་སླེབ་པར་སྐྱེ། འབྲིང་བ་བར་སྟར་བར་ཤོད་དུ་སྐྱེ་བ་མི་ལུས་ལྷག་ཙམ། ཆུང་བ་ས་སྟར་ཁ་སྟོད་ཆུ་འགྲམ་གྲམ་ཐང་དུ་སྐྱེ། ལོ་མ་འོག་དཀར་པོ་ཅན་ཆུ་སྤེན་ལྟར་ཕྲ་བ་མཐོ་རེ་ལྷག་ཙམ་པ་སྟེ། ཆེ་ཆུང་གཉིས་ཀྱི་འབྲས་བུ་སེར་པོ་ཆུ་སེར་རྐྱལ་བ་འདྲ་བརྡོལ་ལ་ཁད་ཞུན་དུ་བྱ་བ་ཡིན། འདི་གཉིས་གློ་དང་གྲེ་བར་བཟང་། ཞུན་དུ་བསྐོལ་བའི་ཁ་ཞག་མར་ཁུའི་རང་བཞིན་སྒྲོན་མེ་རུང་བ་ཡོད། བར་སྟར་འབྲས་བུ་ནས་འབྲུ་ཙམ་སྲ་ལ་སྐམ་པ་གསེར་སྦུན་ཅན་སྣུམ་ཅུང་ཟད་ཡོད་པ་དེ་ཁྲག་ལ་བཟང་།
Synonyms གླ་བ་ཚེར་མ། གླ་ཚེར། འཚས་ཚེར། སྒྲ་གཅན་སྐྱེས། མེ་ལྡན་མ། སྟར་ཞུན། གླ་སྟར།

{{#arraymap:སྟར་བུ་

|; |@@@ | | }}