98792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་སྲིན་ (1)
Part of speech མིང་ཚིག
Definition སྡིག་པ་ལ་རིགས་དཀར་ནག་གཉིས་ལས་དང་པོ་ནི་སྡིག་སྲིན་ཏེ། དབྱིབས་སྒོར་ལ་ལེབ་ཅིང་མཇུག་མ་མེད་པ། ཆེ་ཆུང་ངེས་མེད་ཀྱི་རྒྱབ་སྨུག་ལ་སེར་འོད་ལྡན་པའི་འོག་སེར་སྐྱ་ཡིན་པ་དང༌། རྐང་པའམ་ཡན་ལག་གཡས་ལ་བཞི་དང་གཡོན་ལ་བཞི་རེ་སྟེ་བརྒྱད་ལྡན་པ། རྭ་སེར་སྨུག་ཁོག་སྟོང་ལྟ་བུའི་དབྱིབས་ནག་པོ་འདྲ་ལ་ཚིགས་པ་ལྟ་བུའི་ལྷུ་ཡོད། རྒྱུན་དུ་ཆུ་ཡུར་འགྲམ་དང་བརླན་གཤེར་ཆེ་ཙམ་ཡིན་པའི་ཁུང་དུ་གནས་ཏེ་ཟས་སུ་སྲིན་འབུ་ཆུང་རིགས་བཟའ་བ་དང༌། ཉིན་མོ་རྒྱུ་ཞིང་མཚན་མོ་ཉལ་བ་ཡིན། རོ་མངར་ལ་ཚ་བ། ཞུ་རྗེས་མངར། ནུས་པ་དྲོ་ལ་རྣོ་བ། ངོ་བོའི་ནུས་པས་ཉྭ་ལོག་ནད་དང་མཁལ་ནད་སེལ་བར་མ་ཟད། དྲི་ཆུ་འགགས་པ་ཕྱིར་འདྲེན་པར་བྱེད།
Synonyms གསེག་འགྲོ། ཀརྐ་ཊ། རྐང་མང་། རྒྱབ་མཁྲེགས། འཕྲོག་བྱེད་མིག སྦལ་ཆེན། སྦལ་བ་རྐང་མང་།

{{#arraymap:སྡིག་སྲིན་

|; |@@@ | | }}