99989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་རྩི་དོ་བོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་སྐྱ་ཅུང་སྦོམ་ལ་སྒྲིམ་པ་རུལ་པའི་རྣམ་པ་ཅན། ལོ་མ་ལྗང་སྐྱ་མཐུག་ཅིང་རྩུབ་ཉམས་ཅན་ཞེང་ཆུང་ཞིང་། དཀྱུས་རིང་བར་རལ་གྲིའི་དབྱིབས་ཅན་ལ་མཐར་ཉག་ག་མེད་པ་སྤུ་འཇམ་ཐུང་ངུས་ཁྱབ་པ་པདྨའི་དབྱིབས་ལྟར་གཞི་རྩ་ནས་ས་ལ་འབྱར་ནས་སྐྱེ་བར་འབྱར་བག་ཅུང་ཡོད་པ། སྡོང་པོ་ཕྲ་ལ་འདྲོང་བ་ཅུང་རིང་བར་ཡལ་ག་མེད་པ་གཞི་རྩའི་ལོ་མ་རྣམས་ཀྱི་དབུས་ནས་སྐྱེ་བའི་རྩེར་མེ་ཏོག་ཟིང་སྐྱ་ཆུང་བ་མང་པོ་མཉམ་དུ་ཚགས་དམ་པོར་འཆར་བ་སྟེ་བཙོང་གི་མེ་ཏོག་འདྲ་བ། རྒས་ཚེ་མི་རྒན་གྱི་མགོ་ལྟར་དཀར་པོར་འགྲོ་བ་སྟེ། བོད་ཀྱི་ས་བབ་མཐོ་ཙམ་ཡིན་པའི་རི་ལྡེབས་དང༌། སྤང་ལྗོངས་སོགས་སུ་སྐྱེ་བ་མང་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཆམ་རིམས་དང༌། དུག་ཚད། རིམས་དུག་སོགས་ཚད་པ་གསར་རྙིང་གི་ནད་དང༌། ཁྲག་འཁྲུགས་དང༌། རྒྱུ་གཟེར། ཚ་འཁྲུ། རྨ་ངན། གཉན་ཚད། དྲེག་གྲུམ་སོགས་ལ་ཕན་པ་ཡིན།

{{#arraymap:སྤང་རྩི་དོ་བོ་

|; |@@@ | | }}