99990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་རྩི་འབྱར་བག་ (1)
Part of speech མིང་ཚིག
Definition སྤང་རྩི་དོ་བོའི་རིགས་ཤིག་སྟེ། འཁྲུངས་དཔེར། གཡའ་ཀྱི་རི་གཉན་རྫ་ལས་སྐྱེ། །ལོ་མ་ལྗང་སེར་ཅུང་ཟད་སྐྱ། །སྒོར་མོ་པད་མ་སྤུངས་ལྟར་སྐྱེ། །རོ་ནི་ཤིན་ཏུ་ཁ་ལ་བསིལ། །ནུས་པས་མཁྲིས་ནད་ཞི་སྦྱོང་སྐྱུག ། ཞེས་དང་། རྟོགས་བརྗོད་ལས། མེ་ཏོག་རིན་ཆེན་སྣ་ལྔའི་རྒྱན་གྱིས་མཛེས། །ཞེས་མེ་ཏོག་གི་ཁ་དོག་ཙམ་གྱིས་དབྱེ་བ་ལྔ་སྟེ། མེ་ཏོག་ལྗང་གུ་ལོ་མ་རང་མདོག་གཙོ་མོ། མེ་ཏོག་དཀར་པོ་དངུལ་གྱི། སེར་པོ་གསེར་གྱི། དམར་གྱི་ཟངས་ཀྱི། སྔོན་པོ་ལྕགས་ཀྱིའོ། །

{{#arraymap:སྤང་རྩི་འབྱར་བག་

|; |@@@ | | }}