99996

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་ལྟུང་ཕྱིར་བཅོས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕྱིར་བཅོས་པའི་ཚུལ་ནི། ལྟུང་བ་འབྱུང་བའི་རྒྱུར་གྱུར་པའི་ཡོ་བྱད་ཀྱི་དངོས་པོ་དེ་དང། ཕྱིར་བཅོས་མི་བྱེད་ཀྱི་བར་ལ་བླངས་པའི་ཡོ་བྱད་གཞན་ད་ལྟ་ཡོད་བཞིན་པ་དག་ཀྱང་ཞག་གཅིག་གཞན་ལ་བཅོལ་བ་སོགས་ཀྱི་སྤངས་པ་སྔོན་དུ་བཏང་ནས་ཡུལ་དགེ་སློང་གཅིག་དང་གཉིས་ལ་སོགས་པ་གང་ཟག་གི་མདུན་དུ་བཤགས་པ་བྱས་པས་ལྟུང་བ་ལས་ལྡང་ནུས་ཏེ། ཚིག་ལེ་ལས། སྡོམ་བརྩོན་དེ་དོན་ལ་མཁས་པ། །སྤང་བར་འོས་པ་སྤངས་ནས་ནི། །དེ་ནས་ལྟུང་དེ་ལས་ལྡང་ཕྱིར། །ནུབ་ཀྱིས་ཆོད་ནས་བཤགས་པ་བྱ། །ཞེས་གསུངས་སོ། །མངོན་མཚན་ཅན་དང། ཉོ་ཚོང་གི་ལྟུང་བ་གཉིས་ལ་བསྐྱེད་ཐོབ་ཀྱི་དངོས་པོ་དེ་དག་དང། བྱིན་འཕྲོག་ལ་གང་ཕྲོགས་པའི་དངོས་པོ་དེ་བཤགས་པའི་གོང་དུ་རྩ་བ་ནས་སྤང་དགོས་པར་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤང་ལྟུང་ཕྱིར་བཅོས་

|; |@@@ | | }}