10003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་བཅུ་གཅིག་གི་ས་སོ་སོའི་རང་གི་མཚན་ཉིད་ལ་རྟོག་པ་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

1. ས་དང་པོའི་བྱང་ཆུབ་སེམས་དཔའ་ནི་སྐྱོན་མེད་པ་ལ་ཞུགས་པས་གང་ཟག་དང་ཆོས་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 2. ས་གཉིས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པས་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 3. ས་གསུམ་པ་ནི་འཇིག་རྟེན་གྱི་སྙོམས་པར་འཇུག་པ་ལ་གནས་པའི་དབང་ཐོབ་པས་པས་འདོད་པའི་འདོད་ཆགས་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 4. ས་བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཇི་ལྟར་ཐོབ་པ་རྣམས་ལ་མང་དུ་སྙོམས་པར་འཇུག་པའི་ཆོས་ལ་སྲེད་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 5. ས་ལྔ་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་གནས་པས་བདེན་པ་བསྒོམས་ཏེ། བྱང་ཆུབ་སེམས་དཔའ་འཁོར་བ་དང་མྱ་ངན་ལས་འདའ་བ་ལ་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པ་དང་། མངོན་དུ་ཕྱོགས་པར་ཡིད་ལ་བྱེད་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 6. ས་དྲུག་པ་ནི་མཚན་མ་མེད་པར་གནས་པ་མཚན་མ་མེད་པར་མང་དུ་ཀུན་ཏུ་སྤྱོད་པ་ལ་རྨོངས་པའི་གཉེན་པོ་དང་། འཁོར་བར་འཇུག་པ་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 7. ས་བདུན་པ་ནི་སྐབས་མེད་པར་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་ཕྲ་མོ་རྣམས་ལ་ཀུན་ཏུ་སྤྱོད་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 8. ས་བརྒྱད་པ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་མེད་པ་ལ་འབད་ཅིང་ཀུན་ཏུ་སྤྱོད་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 9. ས་དགུ་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པས་རྣམ་པ་ཐམས་ཅད་དུ་ཆོས་བཤད་པ་ལ་དབང་ཐོབ་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 10. ས་བཅུ་པ་ནི་སངས་རྒྱས་ཀྱི་ཞིང་དང་འཁོར་དང་སྤྲུལ་པ་ལ་སོགས་པ་ལ་དབང་ཐོབ་པས་མངོན་པར་ཤེས་པ་ཆེན་པོ་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་པའོ། ། 11. སངས་རྒྱས་ཀྱི་ཞིང་ནི་མདོར་ན་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་པས་ཤེས་བྱ་ཐམས་ཅད་ལ་ཕྲ་བའི་ཡེ་ཤེས་ཐོགས་པའི་རྨོངས་པའི་གཉེན་པོར་རྣམ་པར་གཞག་པ་བཅས་སོ། །

Tibetan Source 《བསྟན་འགྱུར་མདོ་སྡེ་ཇི་པ་》ཤ་134བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number