10028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བཀའ་གདམས་པའི་སྒྲོལ་མ་བཅུ་གཉིས།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ། ཁག་དང་པོ།

1. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བཞེད་པ་གཙོ་བོ་དམག་ཟོར་མ། 2. མ་ཅིག་དཔལ་གྱི་ལྷ་མོ། 3. མ་ཅིག་རྡོ་རྗེ་རབ་བརྟན་མ། 4. ལྷ་མོ་དུད་སོལ་མ། 5. ལྷ་མོ་ཕྱག་བཞི་མ། 6. ལྷ་མོ་དུས་མཚན་མོ། 7. རང་བྱུང་རྒྱལ་མོ། 8. ལྷ་མོ་ནམ་མཁའི་གོས་ཅན། 9. ལྷ་མོ་ནམ་གྲུ་མ། 10. ལྷ་མོ་ཙཎྜི་ཀ། 11. ལྷ་མོ་ཨེ་ཀ་ཛ་ཏི་དང་བཅུ་གཅིག་ལས་མི་གསལ་བ། 12. ཁ་ཅིག་རྡོ་རྗེ་གཤོག་རྒོད་མ་ཡིན་ཟེར། ཁ་ཅིག་གིས་ལ་སྟོད་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཡིན་ཟེར། དོན་དུ་འཁོར་ལོ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞི་དང་། སྒོ་མཚམས་བརྒྱད་ཡིན་པ། ཁག་གཉིས་པ། བཀའ་གདམས་པ་རང་གིས་མཚན་གསོལ་བ་ནི། 1. གསེར་མཚོ་མ། 2. འོད་མཚོ་མ། 3. བསྟན་སྐྱོང་མ། 4. ཡིད་འཛིན་མ། 5. སྟོབས་པོ་ཆེ། 6. དྲག་ཤུལ་ཅན། 7. ཁྲག་མདོག་མ། 8. དུད་ཁ་མ། 9. ཐོགས་མེད་མ། 10. ཤུགས་ཅན་མ། 11. དབང་སྡུད་མ། 12. ལས་འཛོམས་མའོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་157.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number