10046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འགོག་པའི་བདེན་པའི་ཉིད་ལ་སོགས་པ་རྣམ་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ།

1. མཚན་ཉིད་ནི། དེ་བཞིན་ཉིད་དང་། ལམ་དང་། ཉོན་མོངས་པ་མི་འབྱུང་བ་སྟེ། གང་དུ་འགོག་པ་དང་། གང་གིས་འགོག་པ་དང་། གང་འགོག་པའོ། ། 2. ཟབ་པ་ནི། འདུ་བྱེད་དེ་དག་གི་འཇིག་པ་ལས་འགོག་པ་དེ་གཞན་ཞེས་ཀྱང་མི་བྱ། གཞན་མ་ཡིན་པ་ཞེས་ཀྱང་མི་བྱ། གཞན་ཡང་ཡིན་ལ་གཞན་མ་ཡིན་པ་ཡང་པ་ཡིན་ཞེས་ཀྱང་མི་བྱ། གཞན་པའང་མ་ཡིན་ལ་གཞན་མ་ཡིན་པའང་མ་ཡིན་ཞེས་ཀྱང་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སྤྲོས་པ་མེད་པའི་ཕྱིར་རོ། ། སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པ་སེམས་པ་ཡིན་ནོ། ། 3. བརྡ་ནི། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་རྣམ་གྲངས་སུ་དེའི་ཡན་ལག་གིས་མྱ་ངན་ལས་འདས་པར་གསུངས་སོ། ། 4. དོན་དམ་པ་ནི། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པས་འགོག་པ་གང་ཡིན་པའོ། ། 5. ཡོངས་སུ་མ་རྫོགས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུར་བསྡུས་པའམལན་ཅིག་ཕྱིར་འོང་བའི་འབྲས་བུར་བསྡུས་པའམ། ཕྱིར་མི་འོང་བའི་འབྲས་བུར་བསྡུས་པའང་རུང་སྟེ། སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། ། 6. ཡོངས་སུ་རྫོགས་པ་ནི། དགྲ་བཅོམ་པའི་འབྲས་བུར་བསྡུས་པ་མི་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། ། 7. རྒྱུན་མེད་པ་ནི། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། ། 8. རྒྱུན་དང་བཅས་པ་ནི། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། ། 9. ལྷག་མ་དང་བཅས་པ་ནི། ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ་གང་ཡིན་པའོ། ། 10. ལྷག་མ་མེད་པ་ནི། ཕུང་པོའི་ལྷག་མ་མེད་པའི་འགོག་པ་གང་ཡིན་པའོ། ། 11. ཁྱད་པར་དུ་འཕགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པར་བསྡུས་པའི་འགོག་པ་གང་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཕྱིར་རོ། ། 12. རྣམ་གྲངས་ནི། མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པའོ། ། ཞེས་བྱ་བ་ལ་སོགས་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་རི་པ་》ཤ་90བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number