10051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་སྐར་ཁྱིམ་གྱི་ཐ་སྙད་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐར་རྩིས་རིག་པ་ལས་བྱུང་བ་སྟེ། ལུག གླང་། འཁྲིག་པ། ཀརྐ་ཊ། སེང་གེ། བུ་མོ། སྲང་། སྡིག་པ། གཞུ།། ཆུ་སྲིན། བུམ་པ། ཉ་དང་བཅུ་གཉིས་སོ། ། རྒྱུ་སྐར་རེ་ལ་རྐང་པ་བཞི། །རྒྱུ་སྐར་རྐང་པ་དགུ་དགུ་ལ། ། ཁྱིམ་གཅིག་ཅེས་གྲོགས་འདི་ལྟ་སྟེ།

1. ཐ་སྐར་དང་ནི་བྲ་ཉེ་དང་། སྨིན་དྲུག་རྐང་གཅིག་ལུག་གི་ཁྱིམ། ། ཞེས་སོ། ། 2. སྨིན་དྲུག་རྐང་གསུམ་སྣར་མ་དང་།། མགོ་ཡི་ཕྱེད་ནི་གླང་ཞེས་བྱ། ། ཞེས་སོ། ། 3. མགོ་ཕྱེད་ལག་དང་ནབས་སོ་ཡི། ། རྐང་པ་གསུམ་ནི་འཁྲིག་པར་དྲན། ། ཞེས་སོ། ། 4. ནབས་སོའི་རྐང་གཅིག་རྒྱལ་དང་སྐག ། རྫོགས་པ་ཀརྐ་ཊ་ཞེས་བརྗོད། །ཅེས་སོ། ། 5. མཆུ་གྲེ་དབོ་ཡི་རྐང་པ་གཅིག ། སེང་གེའི་ཁྱིམ་ཞེས་བརྗོད་པ་ཡིན། ། ཞེས་སོ། ། 6. དབོ་ཡི་བཞི་གསུམ་མེ་བཞི་དང་། ། ནག་པའི་ཕྱེད་བཅས་བུ་མོའི་ཁྱིམ། ། ཞེས་སོ། ། 7. ནག་པའི་ཕྱེད་དང་ས་རི་དང་། །ས་གའི་རྐང་གསུམ་སྲང་ཁྱིམ་ཡིན། ། ཞེས་སོ། ། 8. ས་གའི་རྐང་གཅིག་ལྷ་མཚམས་དང་། ། སྒྲོན་རྫོགས་སྡིག་པའི་ཁྱིམ་ཞེས་བྱ། ། ཞེས་སོ། ། 9. སྒྲུབས་དང་ཆུ་སྟོད་ཆུ་སྨད་ཀྱི། །རྐང་གཅིག་གཞུ་ཡིན་ཁྱིམ་དུ་ངེས། ། ཞེས་སོ། ། 10. ཆུ་སྨད་རྐང་གསུམ་གྲོ་བཞིན་དང་། ། མོན་གྲེའི་རྐང་གཉིས་ཆུ་སྲིན་ཁྱིམ། །ཞེས་སོ། ། 11. མོན་གྲེའི་ཕྱེད་དང་མོན་གྲུ་དང་། ཁྲུམས་སྟོད་རྐང་གསུམ་བུམ་པར་བརྗོད། ། ཅེས་སོ། ། 12. ཁྲུམས་སྟོད་བཞི་ཆ་ཁྲུམས་སྨད་དང་། ། ནམ་གྲུ་རྫོགས་པ་ཉ་ཡི་ཁྱིམ། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ཟ་པ་》ཤ་556.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number