10068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ལ་གནས་པ་རྣམ་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1. གདམས་ངག་སྟོན་པ་ལ་ཚུལ་ཁྲིམས་ལ་གནས་པ་དང་ཚུལ་ཁྲིམས་་ལ་གནས་པ་མ་ཡིན་པར་རྣམ་པར་མི་རྟོག་པ་ཉིད། 2. དེ་ལ་བརྟེན་ནས་གུས་པར་བྱས་ཏེ་གདམས་ངག་ལེན་པར་བྱེད་པ་ཉིད། 3. དེ་ལ་བརྟེན་ནས་ལུས་དབེན་པ་ཉིད། 4. དེ་ལ་བརྟེན་ནས་སེམས་དབེན་པ་ཉིད། 5. དེ་ལ་བརྟེན་ནས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་ཏེ། ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་ཉིད། 6. དེ་ལ་བརྟེན་ནས་རབ་ཏུ་དབེན་པ་ན་སེམས་ཅན་ལས་བརྩོན་པ་བཏང་བ་རྣམས་དང་། མི་འགྲོགས་པར་དེ་ལ་གཞན་པ་རྣམས་དང་འགྲོགས་པ་ཉིད། 7. དེ་ལ་བརྟེན་ནས་རྣམ་པར་དག་པ་འཇིག་རྟེན་པའི་ཤེས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་མཐུ་བསྒོམ་པའི་འབྲས་བུ་སོ་སོར་མྱོང་བ་ཉིད། 8. འཇིག་རྟེན་པའི་ཤེས་པས་ཆོག་པར་མི་འཛིན་པར་འཇིག་རྟེན་ལས་འདས་པའི་ཤེས་པ་ཡོངས་སུ་ཚོལ་ཞིང་རྣམ་པར་སྦྱོར་བ་ཉིད། 9. ཤེས་པ་རྣམ་པར་དག་པའི་ཉེས་པ་བཞི་སྤངས་ཏེ་ཚོགས་ཡོངས་སུ་སྡུད་པ་ཉིད་དེ། གནོད་པ་མི་བཟོད་པའི་ཉེས་པ། 10. མ་ངེས་པར་སྟོན་ཅིང་འདོམས་པའི་ཉེས་པ། 11. ཇི་སྐད་སྨྲས་པ་དེ་བཞིན་མི་བྱེད་པའི་ཉིས་པ། 12. ཟང་ཟིང་དང་བཅས་པའི་སེམས་ཀྱི་ཉེས་པ་བཅས་སོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་109ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number