10085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྟེན་འབྲེལ་ཡན་ལག་བཅུ་གཉིས།
Tibetan Alternate
Tibetan Definition འདི་ལ་ཁག་ལྔ་ཡོད་པ་སྟེ།

ཁག་དང་པོ།་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། 1. མ་རིག་པའི་རྐྱེན་གྱིས་འདུ་བྱེད། 2. འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། 3. རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་། གཟུགས། 4. མིང་དང་། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག 5. སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། 6. རེག་པའི་རྐྱེན་གྱིས་ཚོར་བ། 7. ཚོར་བའི་རྐྱེན་གྱིས་སྲེད་པ། 8. སྲེད་པའི་རྐྱེན་གྱིས་ལེན་པ། 9. ལེན་པའི་རྐྱེན་གྱིས་སྲིད་པ། 10. སྲིད་པའི་རྐྱེན་གྱིས་སྐྱེ་བ། 11. – 12. སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་་འགྱུར་རོ། ། 1. མ་རིག་པ་འགགས་པས་འདུ་བྱེད་འགོག 2. འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག 3. རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག 4. མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག 5. སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག 6. རེག་པ་འགགས་པས་ཚོར་བ་འགག 7. ཚོར་བ་འགགས་པས་སྲེད་པ་འགག 8. སྲེད་པ་འགགས་པས་ལེན་པ་འགག 9. ལེན་པ་འགགས་པས་སྲིད་པ་འགག 10. སྲིད་པ་འགགས་པས་སྐྱེ་བ་འགག 11. – 12. སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །

Tibetan Source 《མདོ་ལ་པ་》ཤ་264བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number