10131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གནས་པ་བཅུ་གཉིས་མཐོང་བས་གཞན་དག་དང་རྩོད་པས་སྨྲ་བར་མི་བྱེད་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ།

1. དམ་པའི་ཆོས་ཀྱི་དོན་གྱི་མཆོག་དང་ལྡན་པ་བཤད་པ་ཀུན་ཤེས་པ་དཀོན་པ། 2. ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན་པ། 3. ཚོགས་པ་མཁས་པ་དང་རྟོགས་པ་ལྡན་པ་རྣམས་དཀོན་པ། 4. ཕྱོགས་ངན་པ་ཡོངས་སུ་འཛིན་ཅིང་ཉེས་པ་རྣམ་པ་དྲུག་སྤངས་ཏེ། (1)མངོན་པར་ཞེན་པའི་ཉེས་པ། (2)ངན་གཡོ་སྒྱུ་བའི་ཉེས་པ། (3)དུས་མ་ཡིན་པར་གཏམ་ལ་སྦྱོར་བའི་ཉེས་པ། (4)གཏམ་ཁྱད་དུ་གསོད་པའི་ཉེས་པ། (5)ཚིག་བརླང་པོའི་ཉེས་པ། (6)ཡིད་འཁྲུགས་པའི་ཉེས་པ་དང་དྲུག་སྤངས་ཏེ་སྨྲ་བ་དཀོན་པ། 5. འཁྲུགས་པ་མེད་པར་སྨྲ་བ་དཀོན་པ། 6. གཞན་གྱི་སེམས་བསྲུང་ཞིང་སྨྲ་བ་དཀོན་པ། 7. ཏིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་པ། 8. རྒྱལ་བའམ་ཕམ་པའི་སེམས་མེད་པར་སྨྲ་བ་དཀོན་པ། 9. རྒྱལ་བའམ་ཕམ་ཡང་ཀུན་ནས་ཉོན་མོངས་པ་ངེས་པ་མེད་པ་དཀོན་པ། 10. ཀུན་ནས་ཉོན་མོངས་པར་གྱུར་པ་རེག་པར་གནས་པ་དཀོན་པོ། 11. རེག་པར་མི་གནས་པ་དགེ་བའི་ཆོས་རྣམས་ལ་རྒྱུན་དུ་བསྒོམ་པ་དཀོན་པ། 12. དགེ་བའི་ཆོས་རྒྱུན་དུ་མི་བསྒོམ་པ་སེམས་མཉམ་པར་མ་་བཞག་པ་ལ་མཉམ་པར་གཞག་པ་དང་། སེམས་མཉམ་པར་གཞག་པ་ལ་རྣམ་པར་གྲོལ་བ་དཀོན་པ་བཅས་སོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་རེ་པ་》ཤ་119ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number