10140

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕྱི་རོལ་པའི་གྲུབ་མཐའ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། ཆད་པར་སྨྲ་བ་གཅིག་དང་། རྟག་པར་སྨྲ་བ་གཅིག་སྟེ།

1. ཆད་པར་སྨྲ་བ་གཅིག་ནི། ལྷའི་བླ་མའམ་ཕུར་བུའི་རྗེས་འབྲངས་པ་རྒྱང་འཕེན་པའོ། ། རྟག་པར་སྨྲ་བ་བཅུ་གཅིག་ནི། 1. དྲང་སྲོང་སེར་སྐྱའི་རྗེས་འབྲངས་གྲངས་ཅན་པ། 2. ལྷ་ཚངས་པའི་རྗེས་འབྲངས་རིག་བྱེད་པ། 3. ལྷ་ཚངས་པའི་རྗེས་འབྲངས་བརྡ་སྤྲོད་པ། 4. ལྷ་ཚངས་པའི་རྗེས་འབྲངས་རིག་བྱེད་མཐའ་པ། 5. ལྷ་ཚངས་པའི་རྗེས་འབྲངས་གསང་སྟོན་པ། 6. ལྷ་ཁྱབ་འཇུག་གི་རྗེས་འབྲངས་པ་ཁྱབ་འཇུག་པ། 7. མུ་སྟེགས་རྒྱལ་དཔོག་གི་རྗེས་འབྲངས་པ་དཔྱོད་པ་བ། 8. ལྷ་དབང་ཕྱུག་ཆེན་པོའི་རྗེས་འབྲངས་པ་ཡེ་སྲིད་པའམ་དབང་ཕྱུག་པ། 9. མུ་སྟེགས་གཟེག་གཟན་པ་དང་ཐུབ་པ་འུག་པའི་རྗེས་འབྲངས་པ་འུག་ཕྲུག་པའམ་བྱེ་བྲག་པ། 10. མུ་སྟེགས་རྐང་མིག་པའི་རྗེས་འབྲངས་པ་རིག་པ་ཅན། 11. མུ་སྟེགས་རྒྱལ་བ་དམ་པ་དང་ཁྱུ་མཆོག་གི་རྗེས་འབྲངས་པ་ཟད་བྱེད་པ་དང་བཅུ་གཅིག་གོ །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་539ཕྲེང་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number