10160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྦྱངས་པའི་ཡོན་ཏན་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཚོ་བ་དང་། འཚོ་བའི་ཡོ་བྱད་དང་། གནས་རྣམས་ལ་ཆགས་པ་ནི་སྐྱོན་ཡིན་ལ། དེ་དག་ལ་མ་ཆགས་པ་ནི་སྦྱངས་པའི་ཡོན་ཏན་ཞེས་བྱའོ། ། དེ་ལ་བཞིས་ནི་ཆོས་གོས་ཞེས་ནི་ཆོས་གོས་ལ་མ་ཆགས་པ་བསྟན། བར་མ་གཉིས་ཀྱིས་ནི་འཚོ་བ་ལ་མ་ཆགས་པ་བསྟན། ཐ་མ་དྲུག་གིས་ནི་གནས་ལ་མ་ཆགས་པ་བསྟན་ནོ། །

1. དེ་ལ་ཆོས་གོས་གསར་པ་དང་། བཟང་པོ་ལ་མ་ཆགས་ཏེ། རྙིང་པ་བོར་བའི་དམ་དུམ་དང་། ལྷན་པ་ཕྱག་དར་གྱི་ཁྲོད་ནས་བསྡུས་ཏེ། ཚེམ་བུར་བྱས་ནས་གྱོན་པས་ན་ཕྱག་དར་ཁྲོད་པའོ། ། 2. ཕྱག་དར་ཁྲོད་ནས་བཙལ་བ་དེ་ཡང་ཆོས་གོས་གསུམ་ལས་ལྷག་པར་མི་ཚོལ་བ་ནི་ཆོས་གོས་གསུམ་པའོ། ། 3. ལྷན་པ་ལྷན་བུ་མ་རྙེད་ན་བལ་དག་བསྡུས་ཏེ། ཕྱིང་པའི་ཆོས་གོས་གསུམ་ཙམ་འཆང་བ་ནི་ཕྱིང་པ་ཅན་ནོ། ། 4. བདག་རང་གིས་སྟན་གཅིག་བཙལ་ནས་དེས་ནམ་ལྡེང་གི་བར་དུ་སྟན་གཞན་ཡང་མི་ཚོལ། གཞན་གྱི་སྟན་ལ་ཡང་མི་འདུག་པར་དེ་ལ་འདུག་པ་ནི་སྟོན་གཅིག་པའོ། ། 5. རྒྱལ་པོ་དང་། བློན་པོ་ལ་སོགས་པ་ཡོན་བདག་དད་པས་བཟང་བར་སྦྱར་བ་ལ་མ་ཆགས་ཀྱི་བསོད་སྙོམས་ཅི་རྙེད་པས་ཆོག་པར་འཚོ་བ་ནི་བསོད་སྙོམས་པའོ། ། 6. ཟས་ཀྱིས་འགྲངས་པ་ཙམ་ཞིག་དུས་གཅིག་ཏུ་བླངས་ཏེ་ཞིམ་པའི་བྱེ་བྲག་དབྱེ་ཞིང་ཕྱིར་འདོད་ཅིང་ལེན་པ་མེད་པར་ཟོ་བ་ནི་ཟས་ཕྱིས་མི་ལེན་པའོ། ། 7. ར་བ་དང་། གྲོང་རྡལ་ལ་སོགས་པ་འདུ་འཛིའི་གནས་ནས་རྒྱང་གྲགས་གཅིག་ཕན་ཆད་སྤགས་ཏེ་འདུག་པ་ནི་དགོན་པའོ། ། 8. དགོན་པ་དེ་ནགས་ཚལ་ཅན་ལྟ་བུ་ཞིག་ན་འདུག་ནི་ཤིང་དྲུང་བའོ། ། 9. དགོན་པ་དེར་སྦྲ་གུར་དང་། ཁང་ཁྱིམ་ལྟ་བུར་མི་འབུགས་པར་འདུག་པ་ནི་བླ་གབ་མེད་པའོ། ། 10. དགོན་པ་དེ་མི་རོ་འདོར་བའི་གནས་ཤིག་ན་འདུག་པ་ནི་དུར་ཁྲོད་པའོ། ། 11. དགོན་པ་དེ་ན་མལ་བདེ་བ་བཤམས་ཤིང་གློས་ཕབ་སྟེ་ས་ལ་མི་ཉལ་བ་ནི་ཙོག་བུ་པའོ། ། 12. དགོན་པ་དེ་ན་གནས་གར་བབ་བབ་ཏུ་འདུག་ཅིང་བདེ་བ་མི་འདམ་པར་འདུག་པ་ནི་གཞི་ཇི་བཞིན་པའོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number