10187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟླ་བ་བཅུ་གཉིས་ར་འབྲིང་ཐ་གསུམ་གང་ལ་གཏོགས་པ་མཁས་པའི་བཞེད་ཚུལ་མི་འདྲ་བའི་རེའུ་མིག
Tibetan Alternate
Tibetan Definition "ཧོར་གྱི་ཐ་སྙད།

འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟླའི་མིང་།" "ཧོར་ཟླ་བདུན་པ། གྲོ་བཞིན་ཟླ། སེང་གེའི་ཁྱིམ།" "ཧོར་ཟླ་བརྒྱད་པ། ཁྲུམས་སྟོད་ཟླ། བུ་མོའི་ཁྱིམ།" "ཧོར་ཟླ་དགུ་པ། དབྱུག་ཟླ། སྲུང་ཁྱིམ།" "ཧོར་ཟླ་བཅུ་པ། སྨིན་དྲུག་ཟླ། སྡིག་ཁྱིམ།" "ཧོར་ཟླ་བཅུ་གཅིག་པ་། མགོ་ཟླ། གཞུ་ཁྱིམ།" "ཧོར་ཟླ་བཅུ་གཉིས་པ། རྒྱལ་ཟླ། ཆུ་སྲིན་ཁྱིམ།" ཟླ་བ་བཅུ་གཉིས་ནི་འབྱུང་རྩིས་ཟླ་བའི་འོད་ཟེར་ལས། དཔྱིད་ཟླ་ར་བ་བཅུ་གཅིག་སྟག ། བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། ། ཟླ་བ་དང་པོ་དཔྱིད་ཐ་འབྲུག ། དེ་བཞིན་དབྱར་ར་ག་ཉིས་པ་སྦྲུལ། ། དབྱར་འབྲིང་གསུམ་པ་རྟའི་ཟླ་བ། ། བཞི་པ་དབྱར་ཟླ་ཐ་ཆུང་ལུག ། ལྔ་པ་སྟོན་ཟླ་ར་བ་སྤྲེལ། ། དྲུག་པ་སྟོན་འབྲིང་བྱའི་ཟླ་བ། ། བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། ། བརྒྱུད་པ་དགུན་ཟླ་ར་བ་ཕག ། དགུན་འབྲིང་དགུ་པ་བྱི་བའོ། ། བཅུ་པ་དགུན་ཐ་གླང་དུ་འདོད། ། ཅེས་འབྱུང་བ་དང་། བེ་དཀར་ཡང་འདི་དང་མཐུན་ནོ། ། བོད་དུ་དར་བའི་ནག་རྩིས་ཕལ་ཆེར་སྟག་ཟླ་དཔྱིད་ཟླ་ར་བར་བྱེད་པ་གཅིག་མཐུན་ཡིན་ཡང་། དེ་ཟླ་བ་གང་ལ་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བ་དུ་མ་འབྱུང་བ་གཙོ་བོ་ཁག་གསུམ་དུ་འདུ། སྟག་ཟླ་དེ་བཅུ་གཅིག་པ་མགོ་ཟླ་བར་བྱེད་པ་ནི་གོང་གསལ་སྡེ་སྲིད་སངས་རྒྱུས་རྒྱུ་མཚོ་དང་ལོ་ཆེན་དྷརྨ་ཤྲཱི་རྗེས་འབྲང་དང་བཅས་པ་འདོད། བེ་དཀར་དང་འབྱུང་རྩིས་ཟླ་ཟེར་ལུགས་ཀྱི་ཟླ་བ་བཅུ་གཉིས། "དུས་བཞི། ཟླ་གྲངས། ཟླ་བའི་མིང་། ཉ་སྐར།" "དཔྱིད་ཟླ་གསུམ། 11 12 1 སྟག ཡོས། འབྲུག མགོ རྒྱལ། མཆུ།" "དབྱར་ཟླ་གསུམ། 2 3 4 སྦྲུལ། རྟ། ལུག དབོ། ནག་པ། ས་ག" "སྟོན་ཟླ་གསུམ། 5 6 7 སྤྲེལ། བྱ། ཁྱི། སྣོན། ཆུ་སྟོད། གྲོ་བཞིན།" "དགུན་ཟླ་གསུམ། 8 9 10 ཕག བྱི་བ། གླང་། ཁྲུམས་སྟོད། དབྱུ་གུ། སྨིན་དྲུག" རྩིས་ཀྱི་བསྟན་བཅོས་བི་དཀར་དང་འབྱུང་རྩིས་ཟླ་བའི་འོད་ཟེར་གྱི་ལུགས་ཡིན། སྟག་ཟླ་དེ་བཅུ་གཉིས་པ་རྒྱལ་ཟླ་བར་བྱེད་པ་ནི་འབྲི་གུང་ཆོས་ཀྱི་གྲགས་པ་དང་། མཁས་མཆོག་ཀརྨ་ཆགས་མེད། དགེ་རྩེ་འགྱུར་མེད་བསྟན་པ་རྒྱ་མཚོ་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཨུཏྤལ་སྔོན་པོའི་དོ་ཤལ་སོགས་ཀྱི་ལུགས་ཡིན། སྟག་ཟླ་དེ་ཟླ་བ་དང་པོ་མཆུ་ཟླར་བྱེད་པ་ནི་ཀརྨ་ངེས་ལེགས་བསྟན་འཛིན་རྗེས་འབྲང་དང་བཅས་པ་འདོད། ནག་རྩིས་ཉེར་མཁོ་བུམ་བཟང་སོགས་ཀྱི་ལུགས་སོ། ། ཟླ་བ་དེ་དག་གི་ཁམས་བརྩི་སྟངས་ནི། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པ་ལྟར་སྦྲགས་མར་བརྩི་དགོས། དེ་ཡང་ནག་རྩིས་ཉེར་མཁོ་བུམ་བཟང་ལས། དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། ། དཔྱིད་ཐ་དབྱར་ར་གནམ་ལོའི་མ། ། སྟོན་ཐ་དགུན་ར་གནམ་ལོ་རང་། ། དགུན་འབྲིང་དགུན་ཐ་གནམ་ལོའི་བུ། །ཞེས་པ་དང་དོན་གཅིག་གོ །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་63.17ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number