10236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ནས་བསྟན་པ་མེ་རྣམ་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ།

1. ཡེ་ཤེས་མེ་ནི། ། དབང་ཆེན་ཞེས་སུ་གྲགས། ། ཁ་དོག་སེར་པོའི་མདོག་ཅན་ལ། ། མདོག་དང་རྒྱས་དང་སྟོབས་རབ་སྟེར། ། འབར་བའི་ཕྲེང་ན་ཏིང་ འཛིན་གནས། ་། ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། ། 2. འཛིན་བྱེད་ནི། ། སྟོན་ཀའི་ཟླ་བའི་འོད་དང་འདྲ། ། དཔལ་ལྡན་གོས་ནི་དཀར་པོ་དགོས། ། བགྲང་ཕྲེང་རིལ་པ་སྤྱིའུ་བླུགས་ཐོགས། ། 3. རླུང་ནི། ། མདོག་ནི་གནག་ལ་རྩུབ་པའོ། ། 4. དམར་པོ་ནི། ། ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། ། 5. མྲྀ་ཌ་ནི། ། སྦྱིན་ལ་ཁ་དོག་ཁམ་པ་སྟེ། ། མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། ། ཀུན་ལ་ཕན་ནི་འདོགས་པར་བཤད། ། 6. ཁྲོ་བོ་ནི། ། མིག་ཡོན་དུད་པའི་ཁ་དོག་འདྲ། ། གྱེན་དུ་སྐྲ་བརྗེས་སྒྲ་ཆེན་འབྱིན། ། མཆེ་བ་བཞི་པ་སྟོབས་པོ་ཆེ། ། 7. ལྟོ་བ་ནི། ། རྣོ་ལ་ཁ་དོག་ཀུན་དང་ལྡན། ། 8. ཟད་པ་ནི། ། གློག་གི་འོད་ཟེར་འགྱུར་བ་འདྲ། ། 9. ཡིད་ལས་སྐྱེ་ནི། ། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། ། 10. འཇིག་རྟེན་འཛིན་པ་ཡིན། ། 11. ཤ་ཟའི་མེ་ནི་དེ་ལས་གཞན། ། 12. རྨུགས་བྱེད་ནི། ། སེམས་ཅན་ཐམས་ཅད་རྨུགས་བྱེད་པའོ། །

Tibetan Source 《རྒྱུད་ཉ་པ་》ཤ་292བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number