10250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷ་རྣམས་ཀྱི་འཆི་བའི་རྟགས་ཆེན་པོ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ།

1. གང་གི་ལུས་ལས་འོད་རྣམས་འབྱུང་བར་འགྱུར་བ་དེ་རང་གི་ལུས་ཀྱི་རྗེས་སུ་འཇུག་སྟེ། ཇི་ལྟར་ནུབ་པར་འགྱུར་བའི་ཉི་མ་བཞིན་ནོ། ། 2. མེ་ཏོག་གི་ཕྲེང་བ་དང་། འབྲས་བུ་རྣམས་མི་སྡུག་པར་འགྱུར་བ། 3. མགོ་བོ་ལ་མེ་ཏོག་གདགས་པར་གྱུར་པ་དེ་ནས་རབ་ཏུ་ཉིལ་ནས་འགྲོ་བ། 4. ཆུའི་ནང་དུ་སོང་བའི་རང་གི་གཟུགས་བརྙན་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དག་ཉིད་ཀྱི་གཟུགས་བརྙན་མཐོང་བར་འགྱུར་ཏེ། དམྱལ་བ་དང་། དུད་འགྲོ་དང་། མི་རྣམས་ཀྱི་རྣམ་པ་དེ་སྲིད་ཁོ་ནས་ནང་དུ་སོང་བར་བདག་ཉིད་བདག་ཉིད་ཀྱི་གཟུགས་བརྙན་མཐོང་བར་འགྱུར་བ། 5. གང་དག་གིས་དེའི་གཟུགས་བརྙན་རྣམས་སམ། རྣམ་པ་དེ་འདྲ་བ་ཉིད་མཐོང་ནས་ཀྱང་ཤིན་ཏུ་སྐྲག་པར་འགྱུར་ཏེ། དེའི་བ་སྤུ་རྣམས་ཀྱང་ཚེ་མ་ལྟར་ལྡང་ངོ་། ། 6. གནས་ལ་རྣམ་པར་འབྱུང་བར་འགྱུར་ཏེ། གལ་ཏེ་བཻཌཱུརྱའི་རང་བཞིན་གྱི་སྟོན་ལ་གནས་པར་འགྱུར་དངུལ་གྱི་རང་བཞིན་ནམ། གསེར་གྱི་རང་བཞིན་ནམ། ཨིནྡྲ་ནཱི་ལའི་རང་བཞིན་གྱི་སྟན་དེ་དག་རྣམས་ཟངས་མར་འགྱུར་བ། 7. རླུང་གིས་འདིའི་གོས་ཀུན་ཏུ་སྐྱོད་པར་བྱེད་པ། རེག་བྱ་ཚ་མོ་རྣམས་ཀྱིས་སྟན་ལས་རྡོ་རྗེ་བབ་པ་བཞིན་དུ་ཚོར་བ་དེ་དག་གིས་ཡིད་རྣམ་པར་འགྱུར་བ་སྐྱེད་པ། དེའི་ཡིད་རྣམ་པར་འགྱུར་བས་སྒྲ་དང་། རེག་བྱ་དང་། རོ་དང་། གཟུགས་དང་། དྲི་འདོད་པ་མ་ཡིན་པ་རྣམས་ལ་སྒྲུབ་པར་བྱེད་པ། 8. དེའི་རྗེས་ལ་མི་རྟག་པའི་མེ་རྣམས་ཉེ་བར་འོང་བར་འགྱུར་བ། 9. དེའི་རྗེས་ཐོགས་སུ་ཕན་ཚུན་དུ་འཆི་འཕོ་བའི་རྟགས་རབ་ཏུ་འབྱུང་བར་འགྱུར་ཏེ། བཻཌཱུརྱའི་རང་བཞིན་གྱི་རྡོ་ལ་ཇི་ལྟ་བ་བཞིན་དུ་གཞན་རྣམས་ལའང་མི་མཐོང་བ་མགོ་བོ་མ་ལུས་པར་ལྷུང་བར་མཐོང་བ། 10. འཆི་བའི་རྟགས་དེ་རྣམས་ཀྱིས་འཆི་བ་དེ་རབ་ཏུ་རྟོགས་ནས་བུད་མེད་རྣམས་ཀྱིས་དེ་ཡོངས་སུ་སྤང་ངོ་། ། ཁ་དྲག་པར་འགྱུར་བས་དེའི་སེམས་ལ་མྱ་ངན་ཀུན་ཏུ་འབྱུང་བར་འགྱུར་རོ། ། འདུས་པ་དང་བྲལ་བས་བསྐྱེད་པའི་མྱ་ངན་གྱི་རྣམ་པ་འདི་ལྟ་བུ་དག་སྐྱེ་སྟེ། གང་དག་གི་ཁྱད་པར་གྱིས་གང་དག་དེས་ཉེ་བར་ལོངས་སྤྱོད་པ་དེ་དག་རྣམས་ཐམས་ཅད་ཀྱིས་བཅུ་དྲུག་ཆར་ཡང་མི་ཕོད་པ། དེའི་རྗེས་ལ་དབང་པོ་ཐམས་ཅད་ཉམས་པར་འགྱུར་རོ། ། མིག་ལ་སོགས་པ་རྣམས་ཀྱིས་ཀུན་ནས་འཁོར་བ་བཞིན་སྐྱེས་བུའི་གཟུགས་མཐོང་བ། 11. དེའི་རྗེས་ལ་ཡིད་ཀྱང་གནས་པ་མེད་པ་ཉིད་དུ་འབྱུང་བར་འགྱུར་ཏེ། ཟོ་ཆུན་གྱི་འཁོར་ལོ་བཞིན་དུ་དེ་གཅིག་ཏུའང་གནས་པ་མི་ཐོབ་བོ། ། འཆི་འཕོ་བའི་རང་བཞིན་གྱི་སྡུག་བསྔལ་རྣམས་མཐོང་ནས་གཡོ་བའི་ཡིད་ཅན་དུ་འགྱུར་བ། 12. དེའི་རྗེས་ལ་འདིའི་སྲོག་གི་དབང་པོ་འགགས་པར་འགྲོ་བར་འགྱུར་བ་དེ་ནི། སྡོང་བུ་ཟད་པ་དང་། སྣུམ་མེད་པ་དང་། འོད་ཉམས་ནས་འགགས་པར་འགྱུར་བ་བཞིན་དུ་དེ་ལྟར་འགགས་ནས་འགྲོ་བར་ལྷ་དེས་མཐོང་ངོ་། །

Tibetan Source 《མདོ་ཡ་པ་》49བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number