10302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་རྣམ་པ་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1. གནང་བའི་ཆོས་རྣམས་ལ་གནང་བའི་སྙན་པར་སྨྲ་བ། 2. དགག་པར་བྱ་བའི་ཆོས་རྣམས་ལ་དགག་པའི་སྙན་པར་སྨྲ་བ། 3. ཆོས་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་རྗོད་པར་བྱེད་པའི་ལ་བསྟེན་པའིསྙན་པར་སྨྲ་བ། 4. ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྗོད་པར་བྱེད་པ་དང་། ཆོས་ཀྱི་ངེས་པའི་ཚིག་ཕྱིན་ཅི་མ་ལོག་པོ་རྗོད་པར་བྱེད་པ་དང་། ཆོས་ཀྱི་ཚིག་གི་རྣམ་པ་བཞིའི་རབ་ཏུ་དབྱེ་པའི་རྗོད་པར་བྱེད་པའི་སྙན་པར་སྨྲ་བ། 5. ཡང་དག་པར་དགའ་བར་བྱེད་པའི་སྙན་པར་སྨྲ་བ། 6. ཀུན་ཏུ་དགའ་བར་བྱེད་པའི་སྙན་པར་སྨྲ་བ། 7. གཞན་དག་ཡོ་བྱད་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བའི་སྙན་པར་སྨྲ་བ། 8. ཡང་དག་པར་རྟོགས་པའི་བྱ་བ་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བར་རྒྱ་ཆེར་སྟོབས་པའི་སྙན་པར་སྨྲ་བ། 9. འཇིགས་པ་སྣ་ཚོགས་ཀྱིས་སྐྲག་པ་རྣམས་དབུགས་འབྱུང་བའི་སྙན་པར་སྨྲ་བ། 10. རིགས་པ་བསྟན་པས་བསྡུས་པའི་སྙན་པར་སྨྲ་བ། 11. མི་དགེ་བའི་གནས་ལས་བསླངས་ཏེ། དགེ་བའི་གནས་སུ་དགོད་པའི་ཕྱིར་ལེགས་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་ལ་སློང་ཞིང་སྨྲ་དབབ་པའི་སྙན་པར་སྨྲ་བ། 12. གཞན་ནུས་པ་ལ་བཅོལ་ཏེ་སྒྲུབ་པའི་སྙན་པར་སྨྲ་བ་དང་བཅུ་གཉིས་སོ། །(སྐབས་འདིར་སྙན་པར་སྨྲ་བ་གཅིག་ཆད་འདྲ་བ་དཔྱད།)

Tibetan Source 《བསྟན་འགྱུར་སེམས་ཙམ་ལྕི་པ་》ཤ་117ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number