10326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཞེན་ལོག་གི་ཆོས་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སེམས་ཐག་པ་ནས་ཆོས་བྱེད་ན་སྟེ། སློབ་དཔོན་པདྨའི་ཞལ་ནས༔

1. ཕ་ཡུལ་མ་སྤངས་ན་ང་རྒྱལ་གྱི་བདུད་མི་ཆོམས༔ 2. ཁྱིམ་གྱི་བྱ་བ་མ་བཏང་ན་ཆོས་བྱ་བའི་སྐབས་མི་རྙེད༔ 3. དད་པ་སྐྱེས་པའི་ཚེ་ན་ཆོས་ལ་མ་ཕྱིན་ན་ལས་ལ་ཟིན་པ་མི་འོང་༔ 4. རང་ལ་དད་པ་མེད་པར་མི་གཞན་ལ་བསྙད་མ་འདོགས༔ 5. རང་གི་ཡོ་བྱེད་རླུང་ལ་མ་སྐུར་ན་མི་ཆོས་ལ་ཁོ་ཐག་མི་ཆོད༔ 6. གཉེན་འབྲེལ་དང་རྒྱུང་མ་བསྲིངས་ན་ཆགས་སྡང་གི་རྒྱུན་མི་ཆོད༔ 7. དུས་ད་རེས་ཆོས་མ་བྱས་ན་ཕྱིས་གང་དུ་སྐྱེ་ཆ་མེད༔ 8. རང་ལ་རྫུན་མི་བྱེད་ན་ཞེ་འདོད་ཆོད་ལ་དམ་པའི་ཆོས་གྱིས༔ 9. གཉེན་འདུན་བུད་མེད་ཡོ་སྤང་དགོས་པ་ལ་ད་ལྟ་དོར་ན་དོན་ཅན་དུ་འགྲོ་བ་ཡིན 10. རང་ལ་མི་སྟོངས་ངེས་པའི་སྲིད་མ་སྐྱོང་བར་དགོས་ངེས་པའི་དགེ་བ་སྐྱོངས༔ 11. དགོས་སམ་མི་དགོས་མི་ངེས་པའི་སང་ཕོད་གྱི་བཅས་མ་བྱེད་པར༔ དགོས་པར་ངེས་པའི་དགེ་སྦྱོར་གྱིས་ཤིག་གསུངས༔ (སྐབས་འདིར་ཞེན་ལོག་གཉིས་ཆད་འདྲ་བ་དཔྱད།)

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་85བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number