10334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བ་སྟེ། སྔར་གྱི་ས་བཅུའི་སྟེང་དུ་ས་བཅུ་གཅིག་པོ་ཀུན་ཏུ་འོད་སྤྲུལ་སྐུའི་ས་དང་། བཅུ་གཉིས་པ་མ་ཆགས་པདྨ་ཅན་ལོངས་སྐུའི་ས་དང་། བཅུ་གསུམ་པ་རྡོ་རྗེ་འཛིན་པའམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་བཅུ་གསུམ་མོ། ། ཡང་ན། བཅུ་གཅིག་པ་དཔེ་མེད་པ། བཅུ་གཉིས་པ་ཡེ་ཤེས་ལྡན། བཅུ་གསུམ་པ་རྡོ་རྗེ་འཛིན་པ་དང་བཅུ་གསུམ་མོ། །
Tibetan Source 《དཔལ་སྤྲུལ་གསུང་འབུམ་ང་པ་》ཤ་35ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number