10379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕ་རྒྱུད་མ་ཧཱ་ཡོ་གའི་རྩ་ལྟུང་བཅུ་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་སྐབས་བཅུ་བཞི་པ་རྒྱུད་སྡེ་བཞིའི་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་གཞག་ལས་བྱུང་བ་སྟེ། །

1.དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ། 2.བདེ་བར་གཤེགས་པའི་བཀའ་མདོ་རྒྱུད་ཀྱི་གཞུང་ལས་བཤད་པའི་བླང་དོར་ཤེས་བཞིན་དུ་ཁྱད་དུ་གསོད་པ་སྟེ་འདས་པ། ། 3.སྤྱི་དང་། རིང་བ། ཉེ་བ། ནང་འདྲེས་པའི་རྡོ་རྗེའི་སྤུན་བཞིར་ཁྲོས་པ། ། 4.སེམས་ཅན་ལ་བྱམས་པ་སྤོང་བ། 5.སྨོན་འཇུག་དང་ཀུན་ཏུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྤངས་པ། 6.ཕྱི་རོལ་པ་དང་ནང་པའི་ཐེག་པ་ཆེ་ཆུང་གང་གི་གྲུབ་མཐར་སྨོད་པ། 7.ཡོངས་སུ་མ་སྨིན་པ་ལ་གསང་བ་སྒྲོགས་པ། 8.ཕུང་པོ་ལྔ་རིགས་ལྔའི་རང་བཞིན་ཡིན་པ་ལ་བརྙས་པ་བྱས་པ། ། 9.རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། 10.ཞིང་བཅུར་གྱུར་པ་གདུག་པ་ཅན་མི་སྒྲོལ་བར་དེ་ལ་བྱམས་ཤིང་མཛའ་བོར་བྱེད་པ། ། 11.མིང་སོགས་མཚན་མ་བྲལ་བའི་ཆོས་རྣམས་རྟོག་གེའི་རིག་པས་གཞལ་བ། ། 12.དད་པ་ཅན་གྱི་སེམས་སུན་འབྱིན་པ། ། 13.དམ་ཚིག་གི་རྫས་དང་སྤྱོད་ལམ་མི་བསྟེན་པ། 14.ཤེས་རབ་མའི་རང་བཞིན་ལ་སྨོད་པ་བཅས་སོ། །

Tibetan Source 《མདོ་རྒྱུད་མཛོད་ག་པ་》ཤ་293.19ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number