10428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཨེ་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བཅུ་བཞི།
Tibetan Alternate
Tibetan Definition 1.རྒྱ་རི་དགོན་ནི། བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་ཡུལ་བའི་སློབ་མ་རྒྱ་རི་མེར་བའམ་རྒྱ་རི་བ་ཆེན་པོས་བཏབ། ཨང་དང་གྲྭ་པ་བཞི་བཅུ་སྐོར།

2.རི་སྒོ་ཆོས་སྡེ་ནི། གཙང་པ་ངག་དབང་གྲགས་པས་བཏབ། ཨང་དང་གྲྭ་པ་བརྒྱ་དང་ཉི་ཤུ་རྩ་གསུམ་སྐོར། 3.ཀློག་ཆོས་སྡེ་ནི། བྱ་པའི་ཞལ་ངོ་ཡོན་ཏན་མཆོག་གིས་བཏབ། ཨང་དང་གྲྭ་པ་བཞི་བཅུ་སྐོར། 4.ཨེ་སེ་བེ་དགོན་ནི། བྱ་པའི་ཞལ་ངོ་ཨ་མི་བྱ་ནག་ཆེན་པོ་རིན་ཆེན་འོད་ཀྱིས་བཏབ་ཅིང་། བླ་མ་བསྐལ་བཟང་རྒྱ་མཚོ་ནས་མི་རིང་བར་ཧོར་དམག་ཕོག་པས་འཐོར་ཞིག་ཏུ་སོང་། 5.སེ་མདོ་དགའ་ལྡན་རྣམ་རྒྱལ་ནི། རྒྱ་རི་ཞབས་དྲུང་བློ་བཟང་མཐུ་སྟོབས་ཀྱི་དུས་གསོལ་དཔོན་རབ་བརྟན་པས་ཁུར་འཁུར་ཏེ་ཆོས་སྡེ་གསར་དུ་བཏིང་། ཨང་དང་གྲྭ་པ་བརྒྱ་དང་དྲུག་ཅུ་སྐོར། 6.ཨེ་ཟེ་དཀར་ཆོས་སྡེ་ནི། གནུབས་སྟོན་ཤེས་རབ་གྲགས་པས་བཏབ། 7.རོང་ཆ་དཀར་ཆོས་སྡེ་ནི། ལྷ་བྱམས་པ་རབ་བརྟན་དང་ཆོས་རྗེ་བྱམས་པ་བརྟན་པ་མཆོད་ཡོན་གྱིས་བཏབ། ཨང་དང་གྲྭ་པ་བརྒྱ་དང་བརྒྱད་ཅུ་སྐོར། 8.ཨེ་རོང་དགའ་ལྡན་ཆོས་སྡིངས་ནི། ས་སྐྱོང་རྒྱ་རི་བ་ཕྱག་རྡོར་གྱིས་བཏབ། ཨང་དང་གྲྭ་པ་བཞི་བཅུ་ཞེ་བརྒྱད་སྐོར། 9.རྒྱལ་ལྷ་ཐོག་སྟེང་ནི། གྲུབ་ཆེན་ཐར་པའི་རྒྱལ་མཚན་གྱིས་བཏབ། ཨང་དང་དགེ་སློང་བཅུ་གཅིག་སྐོར། 10.བྱེ་མྱུལ་ཐར་གླིང་རི་ཁྲོད་ནི། སྒྲོམ་མདའ་ཀླུངས་སྦ་བ་དགེ་སློང་གྲགས་པས་འཁོར་བ་དོང་ནས་སྤྲུགས་པའི་རང་ཉིད་ཀྱིས་རྐང་གཅིག་མཐུན་རྐྱེན་སྦྱར་ཏེ་སྒྲུབ་སྡེ་བཙུགས། ཨང་དང་དགེ་སློང་བཅུ་གཉིས་སྐོར། 11.ཟེ་མ་གདང་དགོན་ནི། དྭགས་པོ་གྲྭ་ཚང་གི་བླ་ཐོག་གཉིས་པ་མཁན་ངག་དབང་གྲགས་པས་བཏབ། ཨང་གཉིས་བཙུན་མ་བདུན་ཅུ་སྐོར། 12.རབ་ཐང་བཀྲ་ཤིས་ཆོས་གླིང་ནི། སྒྲོམ་མདའ་མཁན་པོ་མཐུ་སྟོབས་དཔལ་འབྱོར་གྱིས་བཙུགས། ཨང་དང་བཙུན་མ་བརྒྱ་དང་དྲུག་སྐོར། ། 13.ཟེ་མཁར་དགའ་ལྡན་ཕན་བདེ་གླིང་ནི། སྨྱུང་གནས་པ་རྒྱ་ལིང་རས་པས་བཏབ། ཨང་གཉིས་དགེ་སློང་བཅོ་ལྔ་སྐོར། 14.སྒྲོམ་མདའ་དགའ་ལྡན་ཆོས་གླིང་ནི། འདེབས་མི་སོགས་རབ་ཐང་བཀྲ་ཤིས་ཆོས་གླིང་དང་མཚུངས། ཨང་གཉིས་བཙུན་མ་དྲུག་ཅུ་སྐོར་བཅས་སོ། །

Tibetan Source 《དགའ་ལྡན་ཆོས་འབྱུང་བེེེ་སེར་》ཤ་203.20ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number