10446

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོ་འཕྲུལ་དུས་ཆེན་གྱི་ཆོ་འཕྲུལ་བཅོ་ལྔ།
Tibetan Alternate
Tibetan Definition 1.ཚེས་གཅིག་རྒྱལ་པོ་གསལ་རྒྱལ་མཆོད། ། ཕྱག་གི་ཚེམས་ཤིང་ས་ལ་བཙུགས། །

2.ཚེས་གཉིས་རྒྱལ་པོ་ཨུ་ཏྲས་མཆོད། ། གཡས་གཡོན་གཉིས་སུ་རི་བོ་སྤྲུལ། ། 3.ཚེས་གསུམ་རྒྱལ་པོ་ཤུན་ཙིས་མཆོད། ། ཞལ་བཤལ་ཆུ་ལས་མཚོ་རྫིང་གྱུར། ། 4.ཚེས་བཞི་ཨིན་དྲ་ཝར་མས་མཆོད། རྫིང་བུའི་ངོས་ནས་ཡུར་བ་དོད། ། 5.ཚེས་ལྔ་ཚངས་སྦྱིན་རྒྱལ་པོས་མཆོད། ། ཞལ་འཛུམ་འོད་ཟེར་ཕྱོགས་བཅུར་འཕྲོས། ། 6.ཚེས་དྲུག་ལི་ཙ་བྱི་རྣམས་མཆོད། ། འཁོར་འདུས་གཅིག་སེམས་གཅིག་གིས་ཤེས། ། 7.ཚེས་བདུན་ཤཱཀྱའི་རིགས་ཀྱིས་མཆོད། ། སྟོན་པས་འཁོར་ལོ་བསྒྱུར་རྒྱལ་སྤྲུལ། ། 8.ཚེས་བརྒྱད་ལྷ་དབང་བརྒྱ་བྱིན་མཆོད། ། མུ་སྟེགས་སྟོན་པ་དྲུག་པོ་བཏུལ། ། (འདི་ཡན་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་དང་། དེ་མན་འགྲན་ཟླ་བྲལ་བའི་ཆོ་འཕྲུལ་ཡིན་ནོ། །) 9.ཚེས་དགུ་ཚངས་པ་ཆེན་པོས་མཆོད། ། སྐུ་ལུས་ཚངས་པའི་འཇིག་རྟེན་མཉམ། ། 10.ཚེས་བཅུ་རྒྱལ་པོ་བཞི་ཡིས་མཆོད། ། སྐུ་ལུས་འོག་མིན་བར་དུ་སླེབས། ། 11.བཅུ་གཅིག་མགོན་མེད་ཟས་བྱིན་མཆོད། ། སྐུ་ནི་མི་སྣང་འོད་ཀྱིས་ཁྱབ། ། 12.བཅུ་གཉིས་ཁྱིམ་བདག་ཙི་དཱས་མཆོད། ། འཁོར་འདུས་གཅིག་སེམས་གཅིག་གིས་ཤེས། ། 13.བཅུ་གསུམ་སླར་ཡང་ཤུན་ཙིས་མཆོད། ། ལྟེ་བའི་འོད་བྱུང་སྤྲུལ་སྐུས་ཁྱབ། ། 14.བཅུ་བཞི་སླར་ཡང་ཨུ་ཏྲས་མཆོད། ། མེ་ཏོག་གཏོར་བས་ཤིང་རྟར་གྱུར། ། 15.བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད། ། རོ་བརྒྱའི་ཟས་ཀྱིས་སྣོད་རྣམས་བཀང་། ཞེས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་534.12ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number