10471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་མ་ཆོད་པའི་ཟུང་ལྡན་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། ཟུང་ལྡན་ཚིག་ནི་སྔ་ཕྱིའི་བར། ། གཞན་གྱིས་མ་ཆོད་དེའི་ཟུང་ལྡན། ། ཞེས་སོ། ། དེའི་དབྱེ་བ་བཅོ་ལྔ་ཡོད་པའི་དང་པོ་རྐང་པ་གཅིག་ལ་ཡོད་པ་བཞི་ལས།

1.རྐང་པ་དང་པོའི་ཐོག་མ་ན་ཡོད་པ། 2.གཉིས་པའི་ཐོག་མ་ན་ཡོད་པ། 3.གསུམ་པའི་ཐོག་མ་ན་ཡོད་པ། 4.བཞི་པའི་ཐོག་མ་ན་ཡོད་པ་བཅས་དང་། ། གཉིས་པ་རྐང་པ་གཉིས་ལ་ཡོད་པ་དྲུག་ལས། 1.རྐང་པ་དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ། 2.དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པ། 3.དང་པོ་དང་བཞི་པའི་ཐོག་མ་ན་ཡོད་པ། 4.གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པ། 5.གཉིས་པ་དང་བཞི་པའི་ཐོག་མ་ན་ཡོད་པ། 6.གསུམ་པ་དང་བཞི་པའི་ཐོག་མ་ན་ཡོད་པ་བཅས་སོ། ། གསུམ་པ་རྐང་པ་གསུམ་ལ་ཡོད་པ་བཞི་ལས། 1.རྐང་པ་སྔ་མ་གསུམ་གྱི་ཐོག་མ་ན་ཡོད་པ། 2.རྐང་པ་དང་པོ་གཉིས་དང་བཞི་པའི་ཐོག་མ་ན་ཡོད་པ། 3.རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ན་ཡོད་པ། 4.རྐང་པ་ཕྱི་མ་གསུམ་གྱི་ཐོག་མ་ན་ཡོད་པ་བཅས། ། བཞི་པ་རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པ་གཅིག་བཅས་སོ། ། དེ་རྣམས་ཀྱི་ནང་ནས་ཟུང་ལྡན་གྱི་དཔེ་མཚོན་དུ་རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པ་ལ་བོད་མཁས་པས། མཚར་མཚར་འཕགས་པའི་ཞིང་གི་མེ་ལོང་དུ། ། དུང་དུང་དད་པའི་ཡིད་ངོར་ཤར་བའི་ལྷ། ། མཛེས་མཛེས་མཚན་དཔེའི་སྐྱེ་མཆེད་རྫོགས་པའི་ཞལ། །ཡང་ཡང་བལྟ་བར་འཚལ་ལོ་དབྱངས་ཅན་ལྷ། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་607.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number