1048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ང་རྒྱལ་གྱི་རྒྱུ་ལས་བྱུང་བའི་ཉེས་དམིགས་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ།

1.དེས་རློམ་སེམས་སུ་བྱེད་པས་ཡོངས་སུ་མི་འཆད་པའི་ཕྱིར་མྱ་ངན་ལས་འདས་པ་ལས་སེམས་ཕྱིར་ལྡོག་པར་འགྱུར་ཏེ། འདི་ནི་ཉེས་དམིགས་དང་པོའོ། ། 2.ཉེས་པར་སྤྱོད་པ་ཀུན་ཏུ་སྤྱོད་པ་དང་། ཚགས་པར་འགྱུར་བ་ཀུན་ནས་ཉོན་མོངས་པ་ཅན་གྱི་དངོས་པོ་ལ་གཞོལ་བ་འདི་ནི་ཉེས་དམིགས་གཉིས་པའོ། ། 3.དེའི་མྱ་ངན་ལས་འདས་པ་ལ་ཡོངས་སུ་ཡི་འཆད་པའི་ཕྱིར་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་ནད་འབྱུང་བར་འགྱུར་བའི་རྒྱུར་ཤིན་ཏུ་འགྱུར་བ་དང་། ཡོངས་སུ་ཡི་འཆད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ཉེས་པར་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ཆགས་པར་འགྱུར་བའི་ཡུལ་ཡང་དེ་དང་འདྲའོ། ། སྐྱེ་བ་ལ་སོགས་པའི་ནད་ཇི་ལྟ་བ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་འབྲས་བུ་རྣམས་དང་། འདོད་ཆགས་ལ་སོགས་པའི་ཟུག་རྔུ་རྣམས་ཀྱང་དེ་དང་འདྲ་སྟེ། འདི་ནི་ཉེས་དམིགས་གསུམ་པའོ། ། དེ་ལས་བཟློག་པ་ནི་ང་རྒྱལ་མེད་པའི་རྒྱུ་ལས་བྱུང་བའི་ཕན་ཡོན་ཡིན་པར་རིག་པར་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་213ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number