10489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས་ཀྱི་ཕུང་པོ་ནི་བཅོ་ལྔ།
Tibetan Alternate
Tibetan Definition འབྱུང་བ་ཆེན་པོ་བཞི་ནི།

1.སའི་ཁམས། 2.ཆུའི་ཁམས། 3.མེའི་ཁམས། 4.རླུང་གི་ཁམས་སོ། ། འབྱུང་བ་ཆེན་པོ་བཞིས་རྒྱུར་བྱས་པའི་གཟུགས་བཅུ་གཅིག་ནི། 1.མིག་གི་དབང་པོ། 2.རྣ་བའི་དབང་པོ། 3.སྣའི་དབང་པོ། 4.ལྕེའི་དབང་པོ། 5.ལུས་ཀྱི་དབང་པོ། 6.གཟུགས། 7.སྒྲ། 8.དྲི། 9.རོ། 10.རེག་བྱ། 11.རྣམ་པར་རིག་བྱེད་མ་ཡིན་པའོ། ། དེ་ཡང་ཕུང་པོ་ལྔའི་ནང་གི་གཟུགས་ཀྱི་ཕུང་པོ་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་གྱུར་པའི་གཟུགས་དེ་དག་ཐམས་ཅད་ཅེས་བྱ་བ་ནི། གཟུགས་རིང་པོ་དང་། ཐུང་ངུ་། ཟླུམ་པོ། གྲུ་བཞི། སྔོན་པོ་དང་། སེར་པོ་ལ་སོགས་པ་དང་། འདས་པ་དང་། མ་འོངས་པ། ད་ལྟར་གྱི་གཟུགས་དང་། ཉེ་བ་དང་། རིང་བ། ཐུང་བ། བཟང་པོ་དང་། ངན་པ་ལ་སོགས་པ་ཇི་ཙམ་དུ་གཟུགས་སུ་གདགས་པ་ཐམས་ཅད་དོ། ། འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་ཟེར་བ་ནི་འབྱུང་བ་དེ་དག་ལས་སྐྱེས་པའམ་དེ་ལས་བྱུང་ཞེས་བྱ་བའི་དོན་རྒྱུ་དེ་དག་ལས་བྱུང་བའི་གཟུགས་རྣམས་ཏེ། མིག་ལ་སོགས་པའི་དབང་པོ་ལྔ་དང་། དབང་པོ་དེ་རྣམས་ཀྱི་ཡུལ་གཟུགས་ནས་རེག་བྱའི་བར་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཅས་བཅུ་གཅིག་དང་། འབྱུང་བ་ཆེན་པོ་བཞི་བཅས་གཟུགས་ལ་དབྱེ་ན་བཅོ་ལྔ་ཡོད་དོ། ། གཞན་ཡང་གཟུགས་ལ་དབྱེ་ན་གསུམ་ཡོད་པ་དེ་ཡང་། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པ་གསུམ་མོ། ། དེ་ལ་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ཁ་དོག་དང་དབྱིབས་ལ་སོགས་པ་ནི་བསྟན་དུ་ཡང་ཡོད་ཅིང་ཐོགས་པ་དང་ཡང་བཅས་པའོ། ། མིག་ལ་སོགས་པའི་དབང་པོ་ལྔ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། ། རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྟན་དུ་ཡང་མེད་ལ་ཐོགས་པའང་མེད་པ་སྟེ། དེ་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་བསམ་གཏན་བཞི་ལ། རྒྱུ་གཟུགས་ཅན་ལས་སྐྱེས་པའི་ཕྱིར་གཟུགས་སུ་བཞག་སྟེ། གཟུགས་ཀྱི་ཕུང་པོ་ནི་དེ་ལྟ་བུའི་མཚན་ཉིད་དོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number