10492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤེས་པའི་སྣང་བའི་ཡོན་ཏན་ཕྱི་རོལ་གྱི་སྣང་བ་ལས་ཁྱད་པར་འཕགས་པ་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། །

1.ཕྱི་རོལ་པའི་སྣང་བ་ནི་གཟུགས་ཀྱི་ཡིན་ལ། ཤེས་པའི་སྣང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པ། ། 2.ཕྱི་རོལ་པའི་སྣང་བ་ནི་ཕྱི་རོལ་གྱི་རབ་རིབ་འཇོམས་པ་ཡིན་ལ། ཤེས་པའི་སྣང་བ་ནི་ནང་གི་རབ་རིབ་འཇོམས་པ། ། 3.ཕྱི་རོལ་པའི་སྣང་བ་ནི་རྟག་ཏུ་དགའ་བ་མ་ཡིན་ལ། ཤེས་པའི་སྣང་བ་ནི་རྟག་ཏུ་དགའ་བ་ཡིན་པ། ། 4.ཕྱི་རོལ་པའི་སྣང་བ་ནི་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་མི་འབྱེད་པ་ཡིན་ལ། ཤེས་པའི་སྣང་བ་ནི་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་འབྱེད་པ་ཡིན་པ། 5.ཕྱི་རོལ་པའི་སྣང་བ་ནི་ཤར་ནས་ནུབ་པར་འགྱུར་བ་ཡིན་ལ། ཤེས་པའི་སྣང་བ་ནི་ཤར་ནས་ནུབ་པར་མི་འགྱུར་བ། 6.ཕྱི་རོལ་པའི་སྣང་བ་ནི་གཟུགས་ཅན་ཡིན་ལ། ཤེས་པའི་སྣང་བ་ནི་གཟུགས་ཅན་མ་ཡིན་པ། ། 7.ཕྱི་རོལ་པའི་སྣང་བ་ནི་རགས་པ་ཡིན་ལ། ཤེས་པའི་སྣང་བ་ནིཆ་ཕྲ་བ་ཡིན་པ། 8.ཕྱི་རོལ་པའི་སྣང་བ་ནི་དགྲ་བོ་མུན་པ་ཡོད་པ་ཡིན་ལ། ཤེས་པའི་སྣང་བ་ནི་དགྲ་བོ་མེད་པ་ཡིན་པ། 9.ཕྱི་རོལ་པའི་སྣང་བ་ནི་གཡོ་བ་ཡིན་ལ། ཤེས་པའི་སྣང་བ་ནི་མི་གཡོ་བ། 10.ཕྱི་རོལ་པའི་སྣང་བ་ནི་སེམས་ཅན་གྱི་དོན་མི་བྱེད་ལ། ཤེས་པའི་སྣང་བ་ནི་སེམས་ཅན་གྱི་དོན་བྱེད་པ། 11.ཕྱི་རོལ་པའི་སྣང་བས་ནི་འདྲིས་པའི་གནས་སུ་ཁྲིད་ལ། ཤེས་པའི་སྣང་བས་ནི་མ་འདྲིས་པའི་གནས་སུ་ཁྲིད་པ། ། 12.ཕྱི་རོལ་པའི་སྣང་བས་ནི་སྒྲིབ་པ་ཐམས་ཅད་སེལ་བར་མི་བྱེད་ལ། ཤེས་པའི་སྣང་བས་ནི་སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པ། 13.ཕྱི་རོལ་པའི་སྣང་བས་ནི་ཆོད་པ་སེལ་བར་མི་བྱེད་ལ། ཤེས་པའི་སྣང་བས་ནི་ཆོད་པ་སེལ་བར་བྱེད་པ། 14.ཕྱི་རོལ་པའི་སྣང་བས་ནི་ཚད་མེད་པ་སྣང་བར་མི་བྱེད་ལ། ཤེས་པའི་སྣང་བས་ནི་ཚད་མེད་པ་སྣང་བར་བྱེད་པ། 15.ཕྱི་རོལ་པའི་སྣང་བ་ནི་མཐོང་བ་དང་མི་མཐུན་པ་ཡིན་ལ། ཤེས་པའི་སྣང་བས་ནི་མཐོང་བ་དང་མཐུན་པ་ཡིན་པ་བཅས་སོ། །

Tibetan Source 《བསྟན་འགྱུར་ཞི་པ་》ཤ་261ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number