10496

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སངས་རྒྱས་ཀྱི་ལམ་གཅིག་ནས་བཅུ་གསུམ་བར་དང་། བཅུ་དྲུག ཉི་ཤུ་བཅས་སུ་གསུངས་པ་ཚན་པ་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། མྱང་འདས་ལེའུ་ལྔ་པ་འཕགས་པའི་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། །

ཚན་པ་དང་པོ་ནི། སངས་རྒྱས་ཀྱི་བྱང་ཆུབ་ནི་གཅིག་སྟེ། གཉིས་སུ་མེད་དོ་ཞེས་གསུངས་སོ། ། ཚན་པ་གཉིས་པ་ནི། 1.ཏིང་ངེ་འཛིན། 2.ཤེས་རབ་བོ། ། ཚན་པ་གསུམ་པ་ནི། 1.ལྟ་བ། 2.ཡེ་ཤེས། 3.ཤེས་རབ་བོ། ། ཚན་པ་བཞི་པ་ནི། 1.མཐོང་བའི་ལམ། 2.སྒོམ་པའི་ལམ། 3.མི་སློབ་པའི་ལམ། 4.སངས་རྒྱས་ཀྱི་ལམ་མོ། ། ཚན་པ་ལྔ་པ་ནི། 1.དད་པ་སྤྱོད་པའི་ལམ། 2.ཆོས་སྤྱོད་པའི་ལམ། 3.དད་པས་རྣམ་པར་གྲོལ་བའི་ལམ། 4.མཐོང་བས་ཕྱིན་པའི་ལམ། 5.ལུས་ཀྱིས་རེག་པའི་ལམ་མོ། ། ཚན་པ་དྲུག་པ་ནི། 1.རྒྱུན་དུ་ཞུགས་པའི་ལམ། 2.ལན་གཅིག་ཕྱིར་ལྡོག་པའི་ལམ། 3.ལན་གཅིག་ཕྱིར་མི་ལྡོག་པའི་ལམ། 4.དགྲ་བཅོམ་པའི་ལམ། 5.རང་སངས་རྒྱས་ཀྱི་ལམ། 6.སངས་རྒྱས་ཀྱི་ལམ་མོ། ། ཚན་པ་བདུན་པ་ནི། 1.དྲན་པ་བྱང་ཆུབ་ཀྱི་ཡན་ལག 2.ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ 3.བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག 4.དགའ་བ་བྱང་ཆུབ་ཀྱི་ཡན་ལག 5.ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག 6. ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག 7.བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ ། ། ཚན་པ་བརྒྱད་པ་ནི། 1.ཡང་དག་པའི་ལྟ་བ། 2.ཡང་དག་པའི་རྟོག་པ། 3.ཡང་དག་པའི་ངག 4.ཡང་དག་པའི་ལས་ཀྱི་མཐའ། 5.ཡང་དག་པའི་འཚོ་བ། 6.ཡང་དག་པའི་རྩོལ་བ། 7.ཡང་དག་པའི་དྲན་པ། 8.ཡང་དག་པའི་ཏིང་ངེ་འཛིན་ནོ། ། ཚན་པ་དགུ་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དད་པའོ། ། ཚན་པ་བཅུ་པ་ནི། སྟོབས་བཅུའོ། ། ཚན་པ་བཅུ་གཅིག་པ་ནི། སྟོབས་བཅུ་དང་། བྱམས་པ་ཆེན་པོའོ། ། ཚན་པ་བཅུ་གཉིས་པ་ནི། སྟོབས་བཅུ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའོ། ། ཚན་པ་བཅུ་གསུམ་པ་ནི། སྟོབས་བཅུ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་རྗེས་སུ་ དྲན་པའི་ཏིང་ངེ་འཛིན་ནོ། ། ཚན་པ་བཅུ་བཞི་པ་སྟེ་ལམ་བཅུ་དྲུག་པ་ནི། སྟོབས་བཅུ་དང་། བྱམས་པ་ཆེན་པོ་དང་། ། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱིས་བརྙེས་པའི་ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ། ། ཚན་པ་བཅོ་ལྔ་པ་སྟེ་ལམ་ཉི་ཤུ་པ་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ། ། ལམ་དེ་དག་ནི། དངོས་པོ་གཅིག་སྟེ། དེ་བཞིན་གཤེགས་པས་སྔོན་སེམས་ཅན་གྱི་ཕྱིར་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །

Tibetan Source 《མྱང་འདས་ཀ་པ་》ཤ་313ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number