10498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷག་པའི་བསམ་པ་མདོར་བསྡུ་ན་བཅོ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.མཆོག་གི་བསམ་པ་ནི། དེ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཆོག་གི་བསམ་པ་ཞེས་བྱའོ། ། 2.ཚུལ་ཁྲིམས་ཀྱི་བསམ་པ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ལྷག་པའི་བསམ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ། ། 3.ཕ་རོལ་ཏུ་ཕྱིན་པའི་བསམ་པ་ནི། སྦྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་འགྲུབ་པར་བྱ་བའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བྱ་བའོ། ། 4.དེ་ཁོ་ནའི་དོན་གྱི་བསམ་པ་ནི། ཆོས་དང་། གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱའོ། ། 5.མཐུའི་བསམ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུའམ། ལྷན་ཅིག་སྐྱེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས་བྱའོ། ། 6.ཕན་པའི་བསམ་པ་ནི། སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཕན་པའི་བསམ་པ་ཞེས་བྱའོ། ། 7.བདེ་བའི་བསམ་པ་ནི། སེམས་ཅན་རྣམས་ལ་ཕན་གདགས་པ་ཉེ་བར་སྒྲུབ་པར་འདོད་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་བདེ་བའི་བསམ་པ་ཞེས་བྱའོ། ། 8.ལྷག་པའི་བསམ་པ་ནི། སེམས་ཅན་རྣམས་ལ་ཟང་ཟིང་མེད་པའི་སེམས་དང་སྡུག་པའི་རྣམ་པར་སྨིན་པ་དང་འབྲེལ་བ་མེད་པའི་སེམས་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷག་པའི་བསམ་པ་ཞེས་བྱའོ། ། 9.བརྟན་པའི་བསམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་བརྟན་པའི་བསམ་པ་ཞེས་བྱའོ། ། 10.མི་སླུ་བའི་བསམ་པ་ནི། སེམས་ཅན་གྱི་དོན་ཐབས་དང་། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མི་སླུ་བའི་བསམ་པ་ཞེས་བྱའོ། ། 11.མ་དག་པའི་བསམ་པ་ནི། མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ། ། 12.དག་པའི་བསམ་པ་ནི། བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དག་པའི་བསམ་པ་ཞེས་བྱའོ། ། 13.ཤིན་ཏུ་དག་པའི་བསམ་པ་ནི། མཐར་ཐུག་པར་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ། ། 14.ཚར་བཅད་པའི་བསམ་པ་ནི། དེ་ལ་མ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཚར་གཅད་པ་ཞེས་བྱ་སྟེ། སོ་སོར་བརྟག་པར་བྱ་བ་ཡིན་པའི་ཕྱིར་རོ། ། 15.ལྷན་ཅིག་སྐྱེས་པའི་བསམ་པ་ནི། དག་པ་དང་། ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལྕི་པ་》ཤ་162བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number