10510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གང་ཟག་ཕྲག་དོག་ཅན་གྱི་མཚན་མ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་།

འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ 1.ཁྭ་ལྟར་སྐུ་བ། 2.མུ་ཅོར་སྨྲ་བ། 3.ལེགས་པར་མ་བསྡམས་པ། 4.གཞན་གྱི་བསྔགས་པ་མ་ཡིན་པས་བདེ་བར་འཛིན་པ། 5.གཞན་གྱི་ཡོན་ཏན་ལ་ཡིད་མི་ཆེས་པ། 6.བསམ་པ་མང་བ། 7.མྱ་ངན་མང་བ། 8.ཡིད་མི་བདེ་བ་མང་བ། 9.མིག་སེར་བ། 10.ཁ་དོག་དང་། དབྱིབས་ཉམས་པ། 11.ང་རྒྱལ་གྱིས་ནོན་པ། 12.དགེ་སློང་ལ་མི་དགའ་བ། 13.གློ་བུར་དུ་འོང་བ་ལ་བསྟིང་བའི་ངང་ཚུལ་ཅན། 14.བརྩད་དུ་རུང་བའི་འཁྲུལ་པ་ཚོལ་བ། 15.གནས་ལ་སེར་སྣ་བྱེད་པ། 16.ཆོས་ཉན་དུ་མི་འགྲོ་ལ་རྣ་གླགས་ཏེ་མི་ཉན། སེམས་རྣམ་པར་གཡེངས་ཤིང་གཞན་དང་། གཞན་དུ་གཏམ་རླུང་ལ་སྐུར་བར་བྱེད་ཅིང་ཆོས་གཏམ་ལ་མི་དགའ་བ་བཅས་སོ། །

Tibetan Source 《མདོ་པ་པ་》ཤ་25བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number