10512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གབ་ཚིག་གི་རྒྱན་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། གབ་ཚིག་གི་ངོ་བོ་ནི། ། གབ་བྱའི་དོན་གང་ཚིག་སྦྱོར་གྱིས། ། གབ་པར་བྱེད་པ་གབ་ཚིག་རྒྱན། ། ཞེས་སོ། ། དེའི་དབྱེ་བ་བཅུ་དྲུག་ལས།

1.ཀུན་ཏུ་ཚོགས་པའི་གབ་ཚིག་ནི། ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པའི་གབ་ཚིག་རྒྱན། ། ཞེས་སོ། ། 2.སླུ་བྱེད་ཀྱི་གབ་ཚིག་ནི། གཞན་གྲགས་སྒྲ་ཡིས་གབ་བྱའི་དོན། ། གབ་བྱེད་ལ་འཁྲུལ་རྨོངས་བྱེད་ཡིན། ། ཞེས་སོ། ། 3.རིམ་པ་བྲལ་བའི་གབ་ཚིག་ནི། ཚིག་སྦྱོར་གོ་རིམ་དཀྲུགས་པ་ཡིས། ། དོན་ལ་རྨོངས་བྱེད་རིམ་པ་བྲལ། ། ཞེས་སོ། ། 4.རབ་བཅོམ་གྱི་གབ་ཚིག་ནི། སྒྲ་དོན་ཅི་རིགས་སྦྱར་བས་དོན། །གབ་བྱེད་ཁ་འཕངས་རབ་བཅོམ་ཡིན། ། ཞེས་སོ། ། 5.མཐུན་པའི་གཟུགས་ཀྱི་གབ་ཚིག་ནི། བཏགས་པའི་དོན་བཀོད་ཚིག་དག་གིས། ། སྒྲིབ་པ་དེ་ནི་མཐུན་པའི་གཟུགས། ། ཞེས་སོ། ། 6.རྩུབ་མོའི་གབ་ཚིག་ནི། མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། ། རྩུབ་མོའི་ཚིག་ལྡན་རྩུབ་མོའོ། ། ཞེས་སོ། ། 7.གྲངས་ཀྱི་གབ་ཚིག་ནི། གབ་ཚིག་གྲངས་ཀྱིས་བརྗོད་དོན་ལ། ། རྨོངས་བྱེད་གྲངས་ཀྱི་གབ་ཚིག་ཡིན། ། ཞེས་སོ། ། 8.རབ་བཏགས་ཀྱི་གབ་ཚིག་ནི། གང་དུ་ངག་དོན་རྣམ་པ་གཞན། ། སྣང་བ་དེ་ནི་རབ་བཏགས་ཉིད། ། ཅེས་སོ། ། 9.མིང་དུ་འདུས་པའི་གབ་ཚིག་ནི། གང་དུ་མིང་ལ་སྣ་ཚོགས་དོན། ། ལྡན་པས་རབ་བཏགས་མིང་དུ་འདུས། ། ཞེས་སོ། ། 10.བསྒྲིབས་པའི་གབ་ཚིག་ནི། ཚིག་ནི་ཆོས་མཚུངས་ལ་རེག་པས། ། དོན་གཞན་སྒྲིབ་བྱེད་བསྒྲིབས་པའོ། ། ཞེས་སོ། ། 11.མཐུན་པའི་སྒྲའི་གབ་ཚིག་ནི། རྣམ་གྲངས་སྒྲ་ནི་བཀོད་པ་ཡིས། ། དངོས་མིང་མི་གསལ་མཐུན་པའི་སྒྲ། ། ཞེས་སོ། ། 12.རྨོངས་པའི་གབ་ཚིག་ནི། བརྗོད་དོན་དངོས་སུ་བསྟན་བྱས་ཀྱང་། ། ཚིག་གིས་རྨོངས་བྱེད་རྨོངས་པ་ཡིན། ། ཞེས་སོ། ། 13.ཡོངས་འཕྲོགས་ཀྱི་གབ་ཚིག་ནི། ཚིག་སྦྱོར་ཕྲེང་བ་སྔ་མ་ལས། ། ཕྱི་མ་གོ་དགོས་ཡོངས་འཕྲོག་གོ ། ཞེས་སོ། ། 14.གཅིག་བསྒྲིབས་ཀྱི་གབ་ཚིག་ནི། ཚིག་སྦྱོར་གང་དུ་རྟེན་སྦས་ཤིང་། ། བརྟེན་པ་གསལ་བ་གཅིག་བསྒྲིབས་སོ། ། ཞེས་སོ། ། 15.གཉིས་ཀ་བསྒྲིབས་པའི་གབ་ཚིག་ནི། སྤྱི་སྒྲས་རྟེན་དང་བརྟེན་པ་གཉིས། ། ཡོངས་སྦས་གཉིས་ཀ་བསྒྲིབས་པའོ། ། ཞེས་སོ། ། 16.ཡོངས་སུ་འདྲེས་པའི་གབ་ཚིག་ནི། གང་དུ་གབ་ཚིག་སྣ་ཚོགས་པ། །འདྲེས་དེ་ཡོངས་འདྲེས་གབ་ཚིག་ཡིན། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་610.21ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number