10527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ངོ་བོ་ཉིད་མཚན་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། ལམ་ཤེར་ཕྱིན་གྱི་སྦྱོར་བའི་མཚན་ཉིད་གོ་གཅིག་གི་ནང་གསེས་སྟེ།

དང་པོ། གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞི་ནི། 1.ཉོན་མོངས་ལས་དབེན་པའི་ངོ་བོ་ཉིད། 2.དེའི་རྟགས་གནས་ངན་ལེན་མེད་པའི་ངོ་བོ་ཉིད། 3.དེ་མཚན་མ་ཚུལ་བཞིན་མ་ཡིན་པ་མེད་པའི་ངོ་བོ་ཉིད། 4.བླང་དོར་གྱི་རྣམ་རྟོག་གིས་དབེན་པའི་ངོ་བོ་ཉིད་རྣམས་སོ། ། གཉིས་པ། ལམ་ཤེས་ཀྱི་སྦྱོར་བའི་ངོ་བོ་ཉིད་ལྔ་ནི། 1.སྒྲུབ་དཀའ་བའི་སྦྱོར་བ། 2.གཅིག་ཏུ་རྒྱས་པར་ངེས་པའི་སྦྱོར་བ། 3.ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པའི་སྦྱོར་བ། 4.སྒོམ་པའི་འཁོར་གསུམ་དོན་དམ་པར་མི་དམིགས་པའི་སྦྱོར་བ། 5.བདེན་པའི་དངོས་པོར་ཞེན་པ་བཀག་པའི་སྦྱོར་བ་རྣམས་སོ། ། གསུམ་པ། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་ནི། 1.གཞི་ལམ་ལ་དམིགས་པའི་ངོ་བོ་ཉིད། 2.འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད། 3.ཐོགས་པ་མེད་པའི་ངོ་བོ་ཉིད། 4.གཞི་མེད་པའི་ངོ་བོ་ཉིད། 5.འགྲོ་བ་མེད་པའི་ངོ་བོ་ཉིད། 6.སྐྱེ་བ་མེད་པའི་ངོ་བོ་ཉིད། 7.དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་བཅས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་350ཕྲེང་8ལས་བཏུས། །
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number