10529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཅོད་ཀྱི་བཀའ་སྲོལ་གྱི་ཟུང་བརྒྱད་ལ་ཡ་བཅུ་དྲུག
Tibetan Alternate
Tibetan Definition 1.ཕོ་གཅོད་ནི། དམ་པ་ནས་བརྒྱུད་པ་བྲུལ་ཚོ་དྲུག་པ། ལ་བཟླ་སྐོར་གསུམ་སོགས།

2.མོ་གཅོད་ནི། མ་ཅིག་ནས་བརྒྱུད་པ་ཕག་མོའི་གཅོད་སྐོར། ཊཱི་ཀ་ཆེ་ཆུང་སོགས། 3.བཀའ་མ་ནི། ཡུམ་ཆེན་མོ་དང་བསྟན་པའི་གཙོ་བོ་ཟམ་མ་ཆད་པར་བྱོན་པ། 4.གཏེར་མ་ནི། དམ་པས་བྱ་རྒོད་ཕུང་པོའི་རི་ནས་སྤྱན་དྲངས་པ་ཨུ་དུམྦ་ར། འབྲས་སྤུངས་མཆོད་རྟེན་ནས་སྤྱན་དྲངས་པ་ཕྱག་རྒྱ་ཆེ་གཅོད་ལ་སོགས་པ་དང་། ཁྲོས་མས་སྦས་པ་མ་ཅིག་གིས་བཏོན་པ་དང་། མ་ཅིག་གིས་སྦས་པ་བརྒྱུད་འཛིན་རྣམས་ཀྱིས་བཏོན་པ། ། 5.རྒྱ་གཅོད་ནི། ཨཱརྱ་དེ་བའི་རྒྱ་གཞུང་ཆེ་ཆུང་། ཏེ་ལོ་པའི་རོ་སྙོམས་གཟེར་ལྔ། ནཱ་རོའི་གསང་སྤྱོད་ལ་སོགས་པ། 6.བོད་གཅོད་ནི། བོད་དུ་བྱུང་བའི་གཅོད་སྐོར། 7.མདོ་ལུགས་ནི། ཆོས་ཚན་སུམ་ཅུ་པ་ལ་སོགས་པ། 8.སྔགས་ལུགས་ནི། སྒྲོལ་མའི་རྒྱུད་བཞི་ལ་བརྟེན་པའི་དབང་དང་བསྐྱེད་རྫོགས་ལ་སོགས་པ། 9.སྲས་བརྒྱུད་ནི། རྒྱལ་བ་དོན་གྲུབ། ཐོད་སྨྱོན། ཁམ་བུ་ཡ་ལོ། རྒྱུན་ནེ་བཞི་ལས་བརྒྱུད་པ། 10.དོན་བརྒྱུད་ནི། ཁུ་སྒོམ་ལས་བརྒྱུད་པ། 11.གནམ་ཆོས་ནི། ཐོག་སེང་(སེར་)གཟའ་སྲུང་གི་རིགས། 12.ས་ཆོས་ནི། ས་དཔྱད་ཀླུ་གཉན་ས་བདག་གི་གཅོད། 13.ཁྲིགས་ཅན་ནི། ཟབ་དོན་ཐུགས་སྙིང་ལྟ་བུ། 14.ཁྲིགས་མེད་ནི། རྒྱ་མདུད་མ་དང་ཚིག་གསལ་གྱིས་མཚོན་ཁྲིགས་སུ་མ་བསྡེབས་པ། 15.ཁ་འཐོར་ནི། དམིགས་འབུམ་འཐོར་བུའི་རིགས། 16.ལེ་ལག་ནི། རྩ་བ་གཅིག་ལ་ཡན་ལག་གསུམ་ཐུན་མོང་ཐུན་མིན་གྱི་ཁྱད་པར་གྱི་ལེ་ལག་ཉམས་ཀྱི་བརྒྱུད་པ་རྣམས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་456.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number