10535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་མཉན་པར་འདོད་པས་མཉན་པར་བྱ་བ་རྣམ་པ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། རྣམ་པར་བཤད་པ་རིགས་པའི་བཤད་པ་ལས་བྱུང་བ་སྟེ། །

1.སྨྲ་བ་པོ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན་གྱི་གཉེན་པོར་དུས་སུ་ཆོས་མཉན་པར་ཞེས་བྱ་བའི་རྣམ་པ་འདི་ཡིན་པར་རིག་པར་བྱའོ། ། 2.འགྱིང་བའི་སྐྱོན་གྱི་གཉེན་པོར་བཀུར་སྟིར་བྱ་བའི་རྣམ་པ་ཡིན་ནོ། ། 3.དོན་དུ་མི་གཉེར་བ་ཉིད་ཀྱི་སྐྱོན་གྱི་གཉེན་པོར་གུས་པར་ཉན་པ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། ། 4.གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་གྱི་གཉེན་པོར་མ་རངས་པ་མེད་པས་ཞེས་བྱ་བའི་རྣམ་པ་ཡིན་ནོ། ། 5.མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་གྱི་གཉེན་པོར་བསྒོ་བ་བཞིན་ཉན་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། ། 6.སུན་ཅི་ཕྱིན་དུ་བརྒལ་བའི་བསམ་པའི་སྐྱོན་གྱི་གཉེན་པོར་ཀླན་ཀ་མི་ཚོལ་བ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། ། 7-8.ཆོས་དང་ཆོས་སྨྲ་བ་ལ་ཡོན་ཏན་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མེད་པའི་སྐྱོན་གྱི་གཉེན་པོར་གོ་རིམ་བཞིན་དུ་ཆོས་ལ་གུས་པ་ཉེ་བར་གཞག་པ་དང་། གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་ཞེས་བྱ་བའི་རྣམ་པ་འདི་གཉིས་ཡིན་ནོ། ། 9-10.སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་གྱི་གཉེན་པོར་ཆོས་ལ་མི་བརྙས་པ་དང་། ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་ཞེས་བྱ་བ་འདི་གཉིས་ཡིན་ནོ། ། 11.སྨོད་པའི་སྐྱོན་གྱི་གཉེན་པོར་བདག་ལ་མི་བརྙས་པ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། ། 12.རྙེད་པ་དང་བཀུར་སྟེ་འདོད་པ་ཉིད་ཀྱི་སྐྱོན་གྱི་གཉེན་པོར་ཀུན་ཏུ་ཤེས་པར་བྱ་བའི་སེམས་ཞེས་བྱ་བའི་རྣམ་པ་འདི་ཡིན་ཏེ། དེ་ལ་ནི་ཀུན་ཏུ་ཤེས་པར་བྱ་བ་སྟེ། ཁོང་དུ་ཆུད་པར་བྱ་བའི་སེམས་འབྱུང་གི་རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ནི་མི་འབྱུང་ངོ་། ། 13-14.རྣམ་པར་གཡེང་བ་དང་། བསྡུས་པ་གཉིས་ཀྱིས་མི་ཉན་པའི་སྐྱོན་གྱི་གཉེན་པོར་གོ་རིམ་བཞིན་དུ་སེམས་རྩེ་གཅིག་པའི་སེམས་དང་། རྣ་བ་བླགས་ཏེ་མཉན་པ་ཞེས་བྱ་བའི་རྣམ་པ་འདི་གཉིས་སོ། ། 15.ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་གྱི་གཉེན་པོར་སེམས་ཀུན་ཏུ་བཏུད་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། ། 16.རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་གྱི་གཉེན་པོར་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མཉན་པར་བྱ་བ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་སི་པ་》ཤ་210ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number