10556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣལ་འབྱོར་རྣལ་འབྱོར་ཆེ་དང་འབྱེད་རྟོགས་ལ་ནང་གསེས་བཞིར་དབྱེ་རིག་འཛིན་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། དབང་བཞི་རྗེས་དྲན་ལས་ཐོབ་རྒྱུ་ཡི་ས་ལ། རྣལ་འབྱོར་གྱི་ས། རྣལ་འབྱོར་ཆེན་པོའི་ས། འབྱེད་པའི་རྣལ་འབྱོར་གྱི་ས། རྟོགས་པའི་རྣལ་འབྱོར་གྱི་ས་ཞེས་བཞི་ལ་སྤྱིར་དབང་དུ་སྒྱུར་བ་དང་། མ་སྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ཡོད་ཀྱང་བྱེ་བྲག་ནང་གསེས་བཞི་བཞིར་དབྱེ་ན།

1.རྣལ་འབྱོར། 2.བྱ་བའི་རྣལ་འབྱོར། 3.སྤྱོད་པའི་རྣལ་འབྱོར། 4.སྒྱུ་མའི་རྣལ་འབྱོར་དང་བཞི། 5.ཤིན་ཏུ་རྣལ་འབྱོར་གྱི་ས། 6.རང་ས་ངེས་པའི་རྣལ་འབྱོར་གྱི་ས། 7.སྤྲོས་པའི་རྣལ་འབྱོར་གྱི་ས། 8.བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་དང་བཞི། 9.བརྡའི་ས། 10.དོན་གྱི་ས། 11.བརྡ་དོན་དབྱེར་མེད་ཀྱི་ས། 12.མ་འདྲེས་པའི་ས་དང་བཞི། 13.རྫུ་འཕྲུལ་འཕྲུལ་བའི་ས། 14.ཁྱད་པར་རྟོགས་པའི་ས། 15.མངོན་པར་འབྱུང་བའི་ས། 16.དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1241.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number