10574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡོང་། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། །

1.དྲན་བཞིན་དུ་དབུགས་རྔུབ་ན་དྲན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དྲན་བཞིན་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་ཤེས་པ། 2.དབུགས་རིང་དུ་བརྔུབས་ན་དབུགས་རིང་དུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་རིང་དུ་ཕྱུང་ནའང་དབུགས་རིང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ།། 3.དབུགས་ཐུང་ངུ་བརྔུབས་ན་ཐུང་ངུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 4.ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤིས་པ་དང་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 5.ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། ། 6.ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅོད་ཡང་དག་པར་མྱོང་ཞིང་དབུགས་བྱུང་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 7.བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་བདག་གི་ལུས་ཀྱི་འོད་དུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ། 8.དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 9.བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 10.སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། ། 11.སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 12.བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 13.བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་ན་བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་ཕྱུང་ན་བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 14.བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན་བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 15.བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་ན་བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ན་བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ། 16.དེ་བཞིན་དུ་མི་རྟག་པའི་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བའི་རྗེས་སུ་ལྟ། འགོག་པའི་རྗེས་སུ་ལྟ། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་ན་སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན་སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་བཅས་སོ། །

Tibetan Source 《མདོ་ལ་པ་》ཤ་277བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number