10604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འོ་མ་ལན་བཅུ་དྲུག་བཟླས་ཞེས་པའི་ལན་དྲུག
Tibetan Alternate
Tibetan Definition དེ་ཡང་།

འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། 1.བ་མོ་སྟོང་། 2.ལྔ་བརྒྱ། 3.ཉིས་བརྒྱ་ལྔ་བཅུ། 4.བརྒྱ་ཉི་ཤུ་རྩ་ལྔ། 5.དྲུག་ཅུ་རྩ་གཉིས། 6.སུམ་ཅུ་རྩ་གཉིས། 7.བཅུ་དྲུག 8.བརྒྱད་པོ་དག་བཞོ་བ་དང་། བླུད་པ་གཉིས་གཉིས་བཟླས་པའི་རིམ་གྱིས་ལན་བཅུ་དྲུག་ཏུ་འགྱུར་བའོ། ། དེ་ཡང་། བ་སྟོང་བཞོས་ནས་དེ་དག་གི་འོ་མ་སྟོང་པོ་དེ་དག་ཉིད་ལ་བླུད་ནས་ཡང་བ་དེ་དག་བཞོས་པའི་འོ་མ་ལྔ་བརྒྱ་ལ་བླུད་པ་དང་། ལྔ་བརྒྱ་བཞོས་པའི་འོ་མ་ཉིས་བརྒྱ་ལྔ་བཅུ་ལ་བླུད་པ་དང་། ཉིས་བརྒྱ་ལྔ་བཅུ་བཞོས་པའི་འོ་མ་བརྒྱ་ཉི་ཤུ་རྩ་ལྔ་ལ་བླུད་པ་དང་། བརྒྱ་ཉི་ཤུ་རྩ་ལྔ་བཞེས་པའི་འོ་མ་དྲུག་ཅུ་གསུམ་ལ་བླུད་པ་དང་། དྲུག་ཅུ་རྩ་གསུམ་བཞོས་པའི་འོ་མ་སུམ་ཅུ་རྩ་གཉིས་ལ་བླུད་པ་དང་། སུམ་ཅུ་རྩ་གཉིས་བཞོས་པའི་འོ་མ་བཅུ་དྲུག་ལ་བླུད་པ་དང་། བཅུ་དྲུག་བཞོས་པའི་འོ་མ་བརྒྱད་ལ་བླུད་པ་དང་། བརྒྱད་བཞོས་པའི་འོ་མ་བྱང་ཆུབ་སེམས་དཔའི་མགུར་ལ་གསོལ་ལོ་ཞེས་སྦྱར་བར་བྱའོ། །

Tibetan Source 《བསྟན་འགྱུར་འདུལ་བ་ཙུ་པ་》ཤ་213ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number