10618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལས་སླུ་ཏི་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.བཅོམ་ལྡན་འདས་པད་མའི་རྩ་ལག་ཅེས་པའི་གཡོན་ཅན་དུ་གྱུར་པས་རང་སངས་རྒྱས་དྲི་མཛེས་ལྡན་མས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་བོ། ། 2.དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གནོན་གྱི་ཉན་ཐོས་དགའ་བ་ཞེས་བྱ་བ་ལ་སྐུར་པ་བཏབ་པས་བྲམ་ཟེ་མོ་ཙི་ན་ཙ་ཞེས་བྱ་བས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་བོ། ། 3.བཅོམ་ལྡན་འདས་བྲམ་ཟེར་གྱུར་པ་ན་དྲང་སྲོང་འཇིགས་བྱེད་ཅེས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྐུར་པས་གཞན་མཛེས་ལྡན་མས་སྐུར་པ་བཏབ་བོ། ། 4.མ་གཅིག་མིན་པའི་སྤུན་རྡོ་བས་བསྣུར་བས་ལྷ་བྱིན་གྱིས་འཕངས་པའི་རྡོ་བའི་དུམ་བུ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེབ་ཆེན་ལ་ཕོག་གོ ། 5.བཅོམ་ལྡན་འདས་ཁྱེའུར་གྱུར་པས་རང་སངས་རྒྱས་རྡོ་གསེག་གིས་བརྡུངས་པས་བཅོམ་ལྡན་འདས་སྤ་མའི་ཚེར་མ་ལ་ཉལ་བ། 6.བཅོམ་ལྡན་འདས་གླང་པོ་ཆེའི་ཁ་ལོ་བར་གྱུར་པས་རང་སངས་རྒྱས་ཀྱི་ལམ་གླང་པོ་ཆེས་བཀག་པས་གླང་པོ་ཆེ་ནོར་སྐྱོང་ཁྲོས་ནས་དེ་བཞིན་གཤེགས་པའི་ཐ་དད་དུ་བརྒྱུགས་སོ། ། 7.བཅོམ་ལྡན་འདས་རྒྱལ་པོར་གྱུར་པ་ན་མཚོན་གྱིས་སྐྱེས་བུ་ལ་བརྒྱབ་པས་བཅོམ་ལྡན་འདས་ཞབས་བསྙུང་ངོ་། ། 8.བཅོམ་ལྡན་འདས་ཉ་པའི་ཁྱེའུར་གྱུར་པ་ན་ཉ་པ་གཞན་གྱི་ཁྱེའུ་དག་གིས་ཉ་བསད་པ་ལ་ཡིད་དགའ་བ་བྱས་པས། ཤཱཀྱ་རྣམས་བསད་པའི་ཉི་མ་ལ་བཅོམ་ལྡན་འདས་དབུ་བསྙུང་ངོ་། ། 9.དེ་བཞིན་གཤེགས་པ་བུ་སའི་ཉན་ཐོས་ལ་ནས་ཟོ་ཞིག་སྲན་ཆུང་ཟོ་ཞིག་ཅེས་པ་ལ་སོགས་པ་ངན་སྨྲས་བྱས་པས་བཅོམ་ལྡན་འདས་ནེརཉྫའི་དྲུང་དུ་ཟླ་བ་གསུམ་དུ་ནས་གསོལ་ལོ། ། 10.སྟོབས་འགྱེད་པ་ན་གྱད་སྟོབས་ལྡན་གཞན་གྱི་ཚིགས་པ་བཅག་པས་བཅོམ་ལྡན་འདས་རྒྱབ་བསྙུང་བ་འབྱུང་ངོ་། ། 11.བཅོམ་ལྡན་འདས་སྨན་པར་གྱུར་པས་ཕྱིན་ཅི་ལོག་གི་གསོ་དཔྱད་བྱས་པས་བཅོམ་ལྡན་འདས་ལ་གྲ་ཧ་ནའི་ནད་བྱུང་ངོ་། ། 12.བཅོམ་ལྡན་འདས་བྲམ་ཟེ་སྣང་བ་སྐྱོང་དུ་གྱུར་པས་དེ་བཞིན་གཤེགས་པ་འོད་སྲུངས་ལ་དབུ་སྐྲ་བྲེགས་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་རྙེད་པར་དཀའོ་ཞེས་ངན་དུ་སྨྲས་པས་བཅོམ་ལྡན་འདས་ལོ་དྲུག་དུ་དཀའ་བ་སྤྱད་པ་དང་བཅུ་གཉིས་སོ། །(སྐབས་འདིར་གཞུང་དུ་ལས་བཞི་མི་གསལ་བ་འཕར་པ་བཅུ་དྲུག་དང་ལས་བཅུ་སོགས་གཞུང་གཞན་དང་ཞིབ་བསྡུར་གནང་འོས་དཔྱད་པར་ཞུ།)

Tibetan Source 《བསྟན་འགྱུར་དབུ་མ་པ་》ཤ་309བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number