10641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྡུལ་ཕྲ་རབ་ནས་དཔག་ཚད་བར་གྱི་ཚད་བཅུ་བདུན།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། །

1.རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་གོ ། 2.རྡུལ་ཕྲན་བདུན་ལ་གསེར་རྡུལ་གཅིག་གོ ། 3. གསེར་རྡུལ་བདུན་ལ་ཆུ་རྡུལ་གཅིག་གོ ། 4.ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ་གཅིག་གོ ། 5.རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག་གོ ། 6.ལུག་རྡུལ་བདུན་ལ་གླང་རྡུལ་གཅིག་གོ ། 7.གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག་གོ ། 8.ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག་གོ ། 9.སྲོ་མ་བདུན་ལ་ཤིག་གཅིག་གོ། 10.ཤིག་བདུན་ལ་ནས་འབྲུ་གཅིག་གོ ། 11.ནས་འབྲུ་བདུན་ལ་སོར་མོའི་ཚིགས་གཅིག་གོ ། 12.སོར་མོའི་ཚིགས་གསུམ་ལ་སོར་གཅིག་གོ ། 13.སོར་ཉི་ཤུ་རྩ་བཞི་ཞེང་དུ་གཞིབས་པ་ལས་ནི་ཁྲུ་གང་ངོ་། ། 14.ཁྲུ་བཞི་ཆུར་བསྒྲེང་བ་གཞུ་གང་ངོ་། ། 15.གཞུ་ལྔ་བརྒྱ་ཆུར་བསྒྲེང་བ་ལ་ནི་རྒྱང་གྲགས་གཅིག་གོ ། 16.རྒྱང་གྲགས་གཅིག་ནི་གྲོང་ནས་དགོན་པར་འགྲོ་བའི་བར་གྱི་ལམ་གྱི་ཚད་དོ། ། 17.རྒྱང་གྲགས་བརྒྱད་ནི་དཔག་ཚད་གཅིག་གོ །

Tibetan Source 《བསྟན་འགྱུར་མདོ་སྡེ་ཏི་པ་》ཤ་187ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number