10649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱམས་པའི་སྐུ་གཟུགས་ཁྲུ་ཚད་བརྒྱད་ཅུ་རྩ་བརྒྱད་ཀྱི་སྲིད་དང་ལྡན་པའི་ཁྲུ་ཚད་ཁག་བཅུ་བདུན།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བྱམས་པའི་མདོ་ལས་བྱུང་བ་སྟེ།

1.ཞབས་ཀྱི་མཐིལ་ནས་པུས་མོའི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས་སོ། ། 2.པུས་མོ་དང་ལྟེ་བའི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས་སོ། ། 3.ལྟེ་བ་དང་མགུར་གྱི་བར་ལ་ཁྱུ་ཚད་ཉི་ཤུ་རྩ་གཉིས་སོ། ། 4.མགུར་དང་དབུའི་བར་ལ་ཁྲུ་ཚད་ཉི་ཤུ་རྩ་གཉིས་སོ། ། 5.དཔུང་པ་གཉིས་ཀྱི་བར་ལ་ཁྲུ་ཉི་ཤུ་རྩ་ལྔའོ། ། 6.སྒྲོག་རུས་རེ་རེ་ལའང་ཁྲུ་ལྔ་ལྔའོ། ། 7.སྙན་ཤལ་གཉིས་ལ་ཁྲུ་བདུན་བདུན་ནོ། ། 8.སྤྱན་རེའི་དཀྱུས་ལ་ཁྲུ་ལྔ་ལྔའོ། ། 9.སྨིན་མ་གཉིས་ལའང་ཁྲུ་ལྔ་ལྔའོ། ། 10.སྨིན་ཕྲག་ལའང་ཁྲུ་ལྔའོ། ། 11.ཤུངས་ཀྱི་དཀྱུས་ལ་ཁྲུ་བདུན་ནོ། ། 12.མཆུ་གཉིས་ལ་ཁྲུ་བཅུའོ། ། 13.ལྗགས་ཀྱི་བསྐོར་ལ་ཁྲུ་ལྔའོ། ། 14.གཙུག་ཏོར་ལ་ཁྲུ་ལྔའོ། ། 15.ཞལ་གྱི་བསྐོར་གསེར་གྱི་མེ་ལོང་ལྟ་བུ་ལ་ཁྲུ་ཉི་ཤུ་རྩ་ལྔའོ། ། 16.མགྲིན་པ་ལ་ཁྲུ་ལྔའོ། ། 17.ཕྱག་གཉིས་ཀྱི་དཀྱུས་ལ་ཁྲུ་བཞི་བཅུ་རྩ་བཞི་བཞི་བཅུ་རྩ་བཞི་འབྱུང་བ་ཡིན་ནོ། །

Tibetan Source 《མདོ་ས་པ་》ཤ་487ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number