10652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚོགས་སྒྲུབ་བཅུ་བདུན།
Tibetan Alternate
Tibetan Definition དེ་ཡང་། གཞི་བདེན་པ་གཉིས་ཀྱི་ལམ་གྱི་རིམ་པ་ལས་མི་འདའ་བ་ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་འབྲིང་ཡན་ཆད་ལ་གནས་ཤིང་། རང་འབྲས་བྱང་ཆེན་འབྱིན་པར་བྱེད་པའི་སེམས་ཀྱི་རྣལ་འབྱོར། ཚོགས་སྒྲུབ་ཀྱི་མཚན་ཉི་དེ།

1.སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ། ། 2.-7.སྦྱིན་པ་ནས་ཤེས་རབ་བར་གྱི་ཚོགས་སྒྲུབ་དྲུག 8.ཞི་གནས་ཀྱི་ཚོགས་སྒྲུབ། 9.ལྷག་མཐོང་གི་ཚོགས་སྒྲུབ། 10.ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་སྒྲུབ། 11.ཐབས་མཁས་ཀྱི་ཚོགས་སྒྲུབ། 12.ཡེ་ཤེས་ཀྱི་ཚོགས་སྒྲུབ། 13.བསོད་ནམས་ཀྱི་ཚོགས་སྒྲུབ། 14.ལམ་གྱི་ཚོགས་སྒྲུབ། 15.གཟུངས་ཀྱི་ཚོགས་སྒྲུབ། 16.ས་ཡི་ཚོགས་སྒྲུབ། 17.གཉེན་པོའི་ཚོགས་སྒྲུབ་བཅས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་325.18ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number